e-texts navigator
Collection
Volume
Page
Wylie

272a1 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ། ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ། བརྩོན་འགྲུས་དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ
272a2 ཤེས་རབ་དཔག་ཏུ་མེད་པ། བྱམས་པ་དང་གཏང་སྙོམས་ཀྱི་བར་དུ་དཔག་ཏུ་མེད་དེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན
272a3 པའི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡིད་རངས་ནས་མངོན་པར་བསྟོད་དོ།། ཁང་བུ་བརྩེགས་པའི
272a4 མདོ་རྫོགས་སྷོ། ། །། ཞུ་ཆེན་གྱི་ལོ་ཙྪ་བ་རད་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། འཕགས་པ་གནས་འཇོག་གི་མདོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
272a5 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སིར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་དྲང་སྲོང་ཆེན་པོ་སེར་སྣ་ཉིན་རེ་ཞིང་རྐང་པས་འགྲོལ་འཆག་ཅིང་རྗེས་སུ་འཆག་པ
272a6 བཅོམ་ལྡན་འདས་ག་ལ་བ་དེར་ཆེད་དུ་སོང་སྟེ། བཅོམ་ལྡན་འདས་དང་ཡང་དག་པར་དགའ་བ་དང་། ཡང་དག་པར་བསྙེན་པའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། བྲམ་ཟེ་གནས་འཇོག
272a7 ཕྱོགས་གཅིག་ཏུ་འདུག་པར་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གནས་མཆོག་ཁྱོད་ཅིའི་ཕྱིར་འདི་ལྟར་སྐེམ་ཞིང་མདོག་མི་སྡུག། ཨག་ཙོམ་དང་སྒྲ་དང་སེན་མོ་དང་། སྤུ་རིང་ཞིང
272a8 ལས་རྩུབ་ལ་གཅོམ་ཆུང་ངུར་སྨྲ། གནས་འཇོག་གིས་གསོལ་པ། གཽ་ཏ་མ་བདག་ནི་དགུང་ཟླར་སྨང་བ་བགྱིད་པས་འདི་ལྟར་སྐེམ་ཞིང་མདོག་ངན། ཨ་གཅོམ་དང་སྠ་དང་། སེན་མོ་དང་། སྤུ་རིང་ལུས་ལ་གཅོམ་ཆུང་ངུར་སྨྲ་བ




iiif viewer powered by OpenSeadragon

271b - 272b

Texts on this page

Q998 - khang bu brtsegs pa'i mdo
Q999 - 'phags pa gnas 'jog pa'i mdo zhes bya ba