| | e-texts navigator
|
173b1 རྡོ་རྗེ་དང་ལྷན་ཅིག་ཏུ་འཇིགས་པ་ཐམས་ཅད་དང་། ནད་ཐམས་ཅད་དང་། དུག་ཐམས་ཅད་དང་། རིམས་ཐམས་ཅད་དང་། གདོན་ཐམས་ཅད་དང་། གདུབ་པས་ཟིན་པ་ཐམས་ཅད་དང་། ཆོམ་རྐུན་ཐམས་ཅད་དང་། མི་དང་།
173b2 མི་མ་ཡིན་པ་ཐམས་ཅད་དང་། འཇིགས་པ་དང་།། གནོད་པ་དང་། ནད་འགྲོ་བ་ཐམས་ཅད་དང་། འཐབ་པ་དང་། རྙོག་པ་དང་། སྡིག་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་དང་། ལུས་དང་། ངག་དང་། ཡིད་ཀྱིས
173b3 ངན་པར་སྤྱད་པ་ཐམས་ཅད་དང་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག། སྲུངས་ཤིག། ཏདྱ་ཐཱ། ཧི་ལི་མི་ལེ། ཙི་ལི། ཨི་ལི། མི་ལི། བི་ཤ་ཙི་བཱ་རཱ་ཤ་བི་རི་ཙི་འི་ཙི་ལ~ཾ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད
173b4 སྩལ་ནས། དགེ་སློང་དེ་དག་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། ཡི
173b5 དགས་དང་། ཤ་ཟ་དང་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་མཚན་མོ། བཟང་པོ་ཞེས་བྱ་བའི་མདོ།། རྫོགས་སྷོ།། མུན་གྱི་ནགས་ཚལ་གྱི་སྒོ
173b6 ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས
173b7 སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་དམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས་ཀྱི་སྐྱེ་བོ་དག་གི་ནང་ནས་རི་ཁྲོད་ཀྱི་གྲོང་ཞིག་ན། བྲམ་ཟེ་ལ་བ་ཅན་ཞེས་བྱ་བ་སྲན་བུ་འདོད་པའི་ཕྱིར་བྲམ་ཟེ་རྡོ་ལེ་བལ་དག་ཐུབ
173b8 ཁྱོད་དེ་ལྷ་སྟོང་ཕྲག་བརྒྱ་ལ་བུ་སློང་ཞིང་གསོལ་བ་འདེབས་པ་དང་ལ་བ་ཅན་ལ་བུ་བཙས་པ་ནི་མིང་རབ་མཐོང་བ་ཞེས་བརྟགས་སོ། ། ནུ་བོ་ལ་བཙས་པ་ནི་དགའ་བོ་ཞེས་བརྟགས་སོ།། གང་གི་ཉིན་མོ་རབ་མཐོང་བཙས་པ་དེའི་ཉིན་མོ
iiif viewer powered by OpenSeadragon
173a - 174a