| | e-texts navigator
|
298b1 མཐོང་བར་འགྱུར་བ་དག་གི་ནི། རྩ་བའི་བཞི་པོར་ཐམས་ཅད་འགྱུར་བར་བགྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག
298b2 རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། །། འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།།
298b3 @#།། རྒྱ་གར་སྐད་དུ། ཨཱརྱ་ཨུ་པ་ཡ་ཀོ་ཤ་ལཱ་ནཱ་མ་མ་ཧཱ་ཡན་ས+འུཿ། བོད་སྐད་དུ། འཕགས་པ་ཐབས་མཁས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོ།། །། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ
298b4 ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱད་ཁྲི་བཞི་སྟོང་དགེ་སློང་གི་དགེ་འདུན
298b5 ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས། མངོན་པར་ཤེས་པ་གཟུངས་ཐོབ་པ་སྤོབས་པ་ཐོགས་པ་མེད་པ་ཁྲི་དྲུག་སྟོང་དང་ཡབ་ཐབས་གཅིག་ཏེ། ཡང་དེའི་ཚེ་ན་བཅོམ་ལྡན་འདས
298b6 ན་དུ་ཡང་དག་པར་འཛེག་ལས་བཞེངས་པར་གྱུར་ཏེ། འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་འདར་ནས་ཆོས་འཆད་དོ།། ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླ་ཞེས་བྱ་བ་ཞིག་འཁོར་དེར་འོངས་ཏེ།
298b7 འདུག་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་བླས་བློ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བགུད
298b8 ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། ཞེས་དེ་སྐད་ཅེས་གསོལ
iiif viewer powered by OpenSeadragon
298a - 299a