| | e-texts navigator
|
187a1 རྫོགས་སོ།། ། རྒྱ་གང་ཀྱིམ་ཁན་པ་འདིན་མརྗེ་དང་། དཱནཱ་ཤཱི་ལ་དང་། བུ་ཆན་རྒྱལ་སྒྲུབ་བན་ད་པེ་ཤེས་སྡེས་བསྒྱུར་ཅང་ཞུས་ཏེ། སདདགསར་ཅད་ཀྱིས་ཀྱང་བཙས་ནས་གཏན་ལ་བབ་པ།
187a2 རྒྱ་གར་སྐད་དུ། ཨརྱ་སརྦ་བི་དལྱ་སོ་གྲ་ཏ་ནཱ་མ་མ་ཧཱ་ཡཱན་སུཏྲ།། བོད་སྐད་དུ། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
187a3 ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་བྲི་ཉི་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།། བྱང
187a4 ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་བཅུ་དང་། ལྷ་དྲུག་ཁྲི་དང་། དགེ་བསྙེན་སྟོང་ཕྲག་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་སྟེ། འདི་ནི་བཅོམ
187a5 ལྡན་འདས་རྒྱལ་པོའི་ཁབ་ན་དབྱར་གནས་ཤིང་བཞུགས་པའི་ཐ་མ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་རྣམ་པ་ཇི་ལྟ། བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དར་གྱི་ལྔ་ལྡི་བྲིས་པས
187a6 བརྒྱན་པ་དང་། པོག་པོར་གྱིས་བརྒྱན་ཅིང་བདུག་པས་བདུགས་པ་དང་། མེ་ཏོག་སིལ་མས་ཆལ་བར་གང་བ་དང་། པད་མ་འདབ་མ་སྟོང་ཕྲག་བརྒྱ་པས་ཁེབས་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།
187a7 སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་བྱེ་བ་ཕྲག་སྟོང་ཇི་སྙེད་ཡོད་པའི་ཚངས་པ་དེ་དག་རེ་རེ་ཞིང་ཡང་གཡོག་འཁོར་བྱེ་བ་ཕྲག་སྟོང་དང་། བཅོམ་ལྡན་འདས་གལ་བ་དེར་དོང་ནས་བྱིན་པ་དང་།
187a8 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིན
iiif viewer powered by OpenSeadragon
186b - 187b