| | e-texts navigator
|
183b1 ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད་གཡོ་བ་མེད་པ་ཞེས་བྱ་བར་ཟུང་ཤིག། ལྷག་པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བར
183b2 ཡང་བཟང་ཤིག། བཅོམ་ལྡན་འདས་ཀྱིས་དྲི་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར
183b3 དེདང་། ལྷ་དང་། མི་དང་། ལྷམ་ཡིན་དང་། དྲི་ཟང་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕགས་པ་ལྷག་པའི་བསམ་པ་བརྟན་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཇོག་སྷོ།།
183b4 རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། པྲཛྙཱ་བ་ར་མ་དང་། ཞུ་ཆེན་གྱི་པོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། མེ་དྷརྨཱ་ཏེ་ཏྲཔྲ་བྷ་བཱ་ཧེ་ཏཱནྟེ་ཥཱནྟ་ཐཱ་ག་ཏོ་ཏྱ་བད་ཏ། ཏེ་ཥཱཉྩ་ཡོ་ནིར་དྷ་ཨེ་བ་ཧཱ
183b5 དཱི་མ་ཧཱ་ཤྲ་མ་ཎཿ། @#། རྒྱ་གར་སྐད་དུ། ཨཱརྱ་ཏྲི་ས་ར་ཎི་གཙྪ་མེ་ནཱ་མ་མ་ཧཱ་ཡཱན་སུ་ཏྲ། བོད་སྐད་དུ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི
183b6 རྐང་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ནི། རྒྱལ་བ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་རྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ
183b7 བཅུ་། ནམ་ན་ད་ཤཱ་ཧཱུ~ཾ་ཅིག་ཅིག་པ་མེད་པར་འདུག་པ་དང་། སེམས་ཀྱིས་སེམས་ཀྱི་འོངས་སུ་རྟོག་པ་འདི་སབ་བྱས་སོ།། ཀུན་པ་ནི་ངག་གིས་ནསུས་དུ་ཟུང་ན། བདེ་བར་གཤེགས་པ
183b8 ཀྱི་རྗེའི་སྤྱན་སྔར་བདག་སོང་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གང་ལ་ལ་སངས་རྒྱས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་སོང་བའི་གང་ཟག་དེའི་བསོད་ནམས་ཇི་སྙེད་ཅིག་སོགས་པར་འགྱུར
iiif viewer powered by OpenSeadragon
183a - 184a