| | e-texts navigator
|
310a1 གང་མཐོང་སྟེ། རྣམ་པ་གཉི་གར་མཐོང་བའི་ཕྱིར་རང་གི་སེམས་འཁྲུག་གོ། ཆོས་འདྲ་བའི་མི་དག་པ་ཡཡང་ཡོད་མེད་ཀྱང་མེད་དོ་ཞེས་ལན་ལྗོན་ཏེ། ཡོད་པའི་ནང་ན་ཡང་མེད་པའོ།། མེད་པར
310a2 ནང་ན་ཡང་ཡོད་པ་ཡིན་ནོ། ། ཞེས་ནས་དུས་ཐམས་ཅད་དུ་ཡང་གཞན་གྱི་སེམས་དཀྲུགས་ཏེ་དྲི་བའི་སྐབས་ཀྱང་མེད་ནས། ད་དུང་དེ་ལ་སྟོང་ཞིང་མེད་དོ་ཞེས་དཔྱོད་པའི་འབྲུག་པའི་ཕྱིར་མུ་སྟེགས་ཅན་གྱི་ནང
310a3 དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ།། དེའི་མིང་ནི་ཕྱིན་ཅི་ལོག་བཞི་པའི་རང་བཞིན་མི་འཆི་བའི་ཁྱབ་པར་འཇུག་པའི་རྗེས་སུ་དཔོག་པའི་མི་བདེན་པའི་མུ་སྟོག་ཅན་ལྔ་པའོ།། རིགས་ཀྱི་བུ་དག་ཡང་ཏིང་ངེ
310a4 འཛིན་ལས་ཡང་དག་པ་ཉིད་ལ་ཅི་གཅིག་པའི་ཏིང་ངེ་འཛིན་ལ་བར་ཆད་མེད་ན་བདུད་རྣམས་སེམས་ཐག་ཆོད་དོ། ཟབ་མོ་དང་བདེ་བ་ལ་བརྟགས་ན། སྐྱེ་བ་རིགས་ཀྱི་རྩ་བ་ཟད་དེ། ཉོན་མོངས་པ་རྟག་པར་འཁྲུག
310a5 པའི་བཞི་རྒྱུ་བ་མ་ཟད་པས་རྟོག་པ་སྐྱེས་སོ། ། མི་དེ་ནི་ཤི་བའི་འོག་ཏུ་གསུམ་ཡོད་དོ་ཞེས་ཕྱིན་ཅི་ལོག་གི་སེམས་སྐྱེས་ཏེ། འཁྲུལ་ནས་གཟུགས་ནི་ང་ཡིན་ནོ།། སྙམ་དུ་སེམས་སོ།། རེ་འགའ་ནི་ངས
310a6 ཐམས་ཅད་ཁྱབ་པར་མཐོང་སྟེ། ང་ནི་གཟུགས་ཡོད་དོ།། ཞེས་སོ།། བར་འགའ་ནི་མངོན་སུམ་གྱི་རྐྱེན་རྣམས་དེའི་ཕྱི་བཞིན་འབྲང་ཞེས་སོ།། ཆེད་འགའ་ནི་གཟུགས་ནི་ང་དབང་ཞེས་ཟེར་རོ།། བར
310a7 བར་ནི་ངའི་འདུ་བྱེད་དང་འབྲེལ་ཏེ། ད་ནི་གཟུགས་ཀྱི་ནང་ན་འདུག་པར་རྟོག་ཅིང་། ཤི་བའི་འོག་ཏུ་ང་གཟུགས་ཡོད་དོ་ཞེས་སྨྲའོ།། དེ་བཞིན་དུ་འཁོར་བ་བཅུ་དྲུག་ལས་གཟུགས་ཡོད་པར་རྟོག་གོ།
310a8 དེའི་འོག་ཏུ་ཡང་ཉོན་མོངས་པ་ལ་ཏོག་སྟེ། ཡུན་རིང་པོའི་ཉོན་མོངས་པ་དང་། ཡུན་རིང་པོའི་རང་བཞིན་གཉིས་གཅིག་ལ་ཅིག་མཚོགས་སོ་ཞེས་སོ།། ཡང་ཤི་བའི་འོག་ཏུ་ཡོད་དོ་ཞེས་རྟོག་ཅིང་སྠ་ཏེ། མུ
iiif viewer powered by OpenSeadragon
309b - 310b