| | e-texts navigator
|
309b1 བཞི་པའོ། ། རིགས་ཀྱི་བུ་དག་ཡང་ཏིང་ངེ་འཛིན་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད་ན་བདུད་རྣམས་སེམས་ཐག་ཆོད་དོ།། སྐྱེ་བའི་རིགས་ཀྱི་བུ་རྩ་བཟད་དེ། ཟབ་མོ་དང་བདེ་བ་ལ་བརྟགས་ན་ཉོན་མོངས་པ་རྟག་པ་ད་།།
309b2 འཁྲུལ་པའི་གན་ཆུབ་མ་ཟད་པས་རྟོག་པ་སྐྱེས་ཏེ། མི་དེ་ནི་བྱིན་ཅི་ལོག་བཞི་པའི་མི་སྐྱེ་བའི་ཁྱབ་པར་འཛུལ་པའི་རྗེས་སུ་དཔོག་པའི་མི་བདེན་པའོ།། དེ་ལ་གཅིག་ན་མི་དེས་སེམས་ལྡང་དུབ་ཀྱི་རྩལ་ལ་བརྟགས་ན། སེམས
309b3 ནིསྦྱིན་དུ་རྒྱུ་བར་མཐོང་སྟེ། དེ་ནི་འགྱུར་བ་གཅིག་གིས་གཅིག་བསགས་པ་ནི་རྟག་པ་སྨྲམ་སྟེ། སེམས་ཡོད་པར་མཐོང་བ་ནི་སྐྱེས་པ་ཞེས་བྱ། མཐོང་བ་ཉིད་མ་མཐོང་བ་དོན་འགག་པ་ཞེས་བྱའོ།། སེམས་གཅིག
309b4 གིས་བསོགས་པ་རྒྱུ་དེའི་གནས་མི་མཐོང་བ་ནི་རང་བཞིན་མ་ཆད་པའི་གནས་ཏེ། དེ་ནི་འཕེལ་བའོ།། ཡང་དག་པ་ཐུབ་པ་ཉིད་ཀྱི་ཐུབ་པའི་ནང་ནས་འབྲེལ་པ་ནི་འགོག་པ་ཞེས་བྱའོ།། སོ་སོར་སྐྱེ་བ་ནི་ཡོད་པའོ།། སོ་སོར
309b5 འཆི་བ་དེ་ནི་མེད་པ་ཞེས་བྱ་སྟེ། སྤྱིའི་དོན་ལ་བལྟས་ན་སྤྱོད་པ་ཐ་དད་པར་མཐོང་ངོ་།། ཆོས་འདོད་པའི་མི་དག་འོངས་ཏེ་དོན་དྲིས་ན། ལན་དུ་དད་ནི་སྐྱེ་ཡང་སྐྱེ། འགག་ཀྱང་འགག། ཡོད་ཀྱང་ཡོད། མེད་ཀྱང་མེད་དོ།།
309b6 འཕེལ་ཀྱང་འཕེལ་ལ་འབྲི་ཡང་འབྲིའོ།། ཞེས་ཐམས་ཅད་དུ་ཡང་འབྲུལ་པར་སྨྲ་སྟེ། མི་གཞན་གྱི་ཚིག་གི་དོན་སྟོར་བར་བྱེད་དོ།། གཉིས་པ་ནི་མི་དེས་ཡང་དག་པར་སེམས་ལ་བརྟགས་ན་བར་བར་ནི་མེད་པའི་གནས
309b7 མེད་པ་ཤེ་སྟེ། མི་དག་གིས་ཆོས་དྲིས་ན་ཅི་ཡང་མེད་དོ་ཞེས་ཚིག་གཅིག་པུས་ལེན་ལྗོན་ཏེ། མེད་དོ་ཞེས་བྱ་བའི་ཚིག་ལ་མ་གཏོགས་པ་གཞན་མི་སྨྲའོ།། གསུམ་པ་ནི་མི་དེས་ཡང་དག་པར་སེམས་ལ་བཏགས་ན།
309b8 སེམས་དེསོ་སོར་ཡོད་པའི་གནས་ན་ཡོད་པར་རིག་སྟེ། ཆོས་འདྲི་བའི་མིམེ་དག་ལ་ཡོད་དོ་ཞེས་ཚིག་གཅིག་པུས་ལན་སྟོན་ཏེ་དེ་ལ་མ་གཏོགས་པའི་ཚི་ག་གཞན་མི་སྨྲའོ།། བཞི་པ་ནི་མི་དེས་ཡོད་པ་དང་མེད་པ་ག
iiif viewer powered by OpenSeadragon
309a - 310a