| | e-texts navigator
|
309a1 གཟུགས་དང་ཚོར་བ་དང་། འདུ་ཤེས་ལ་སོགས་པ་ནི་བཀག་ཅིང་ཟད་དེ། དེ་ནི་མི་རྟག་པ་ཡིན་ནོ་སྙམ་དུ་རྟོགསྟེ། རྣམ་པ་ཁ་ཅིག་ནི་མི་རྟག་པ་སྙམ་དུ་སེམས་པར་ན་མ་རྟོགས
309a2 ཅན་གྱི་ནང་དུ་ལྷུང་ནས་བྱང་ཆུབ་ཀྱི་ངོ་བོ་ཉིད་ནོར་ཏོ། ། དེའི་མིང་ནི་རྟག་པར་ལྟ་བའི་མུ་སྟེགས་ཅན་གསུམ་པའོ།། ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད
309a3 ན་བདུད་རྣམས་སེམས་ཐག་ཆོད་དོ། ། རང་གིས་སའི་ནང་ནས་རྟོག་ཅིང་དམིགས་པ་སྐྱེས་ནས་མི་དེ་མཐའ་བཞིར་ལྷུང་ངོ་།། དེ་ལས་དང་པོ་ནི་མི་དེས་སྐྱེ་བའི་རྩ་བ་ལ་སེམས་ཆགས་ནས། རྒྱུ་བའི་སྤྱོད་པ་མཚང
309a4 དེ། འདས་པ་དང་མ་འོངས་པའི་ན་མཐའ་ཡིན་ཏེ། རྒྱུན་མི་འཆད་པ་ནི་མཐའ་དང་བྲལ་བར་སེམས་སོ།། གཉིས་པ་ནི་མི་དེས་བསྐལ་པ་བརྒྱད་ཁྲིའི་བོར་དུ་བརྟགས་ན་དེ་ཕན་ཆད་ནི་སེམས་ཅན་དག་གིས་མཐོང
309a5 བ་དང་། ཐོས་པ་དང་། ཤེས་པའི་གནས་མེད་དེ། དེ་ནི་མཐའ་དང་བྲལ་བ་ཡིན་ནོ།། སེམས་ཅན་ཡོད་པའི་གནས་ནི་མཐའ་ཡོད་པ་སྙམ་དུ་སེམས་སོ།། གསུམ་པ་ནི་མི་དེས་ང་ནི་ཁྱབ་པོ་བར་ཤེས་ཏེ། མཐའི་དེ
309a6 བྲལ་བའི་རང་བཞིན་ཐོས་ནས་སེམས་ཅན་ཐམས་ཅད་ནི་ངའི་ནང་ནས་སྣང་ངོ་། ། སེམས་ཅན་དག་གི་ཤེས་པའི་རང་བཞིན་ནི་ངས་ཀྱང་མི་ཤེས་སོ།། ཞེས་དེའི་ཕྱིར་མཐའ་དང་བྲལ་བའི་སེམས་མ་ཐོབ་ནས་མཐའ་ལ
309a7 གནས་པའི་སེམས་ཀྱང་ཡོད་པ་སྙམ་མོ། ། བཞི་པ་ནི་འདུ་བྱེད་ཀྱི་སྟོང་པ་ཉིད་རྗེས་བཅད་ན་སེམས་ཅན་ཐམས་ཅད་ལུས་གཅིག་གི་ནང་ནས་ཕྱེད་ནི་སྟེ། ཕྱེད་ནི་འཆིའོ་སྙམ་སྟེ། འཇིག་རྟེན་གྱི་ནང་ན་ཕྱེད་ནི་མཐའ
309a8 ཡོད། བྱེད་ནི་མཐའ་དེ་དང་བྲལ་བར་རྟོག་པའི་ཕྱིར་མུ་སྟེགས་ཅན་མཐའ་ཡོད་པ་དང་། མཐའ་མེད་པར་ལྟ་བའི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏེ། དེའི་མིང་ནི་མཐའ་ཡོད་པར་ལྟ་བའི་མུསྟེ། ས་ཅན
iiif viewer powered by OpenSeadragon
308b - 309b