e-texts navigator
Collection
Volume
Page
Wylie

308b1 ཀྱི་ནང་དུ་ལྟུང་སྟེ། བྱང་ཆུབ་ཀྱི་ལམ་ནི་འཕྲུལ་ཏོ།། དེའི་མིང་ནི་རྟག་པར་ཁྱབ་པའི་མུ་སྟེགས་ཅན་གཉིས་པའོ།། རིགས་ཀྱི་བུ་དག་ཡང་དག་པ་ཉིད་ལ་ཏིང་ངེ་འཛིན་ལ་རྩེ་གཅིག་དུ་བར་ཆད་མེད་ན། བདུད་ཀྱི་ཐབ
308b2 ཀྱིས་མི་སྨྲས་སོ། ། རང་གི་རྩེ་བའི་རྒྱུ་ཤེས་ཏེ། ཟབ་མོ་དང་བདེ་བ་ལས་བསྟན་ནས་རྟག་པར་བདག་དང་གཞན་དུ་རྟོག་པ་སྐྱེས་ཏེ། དེ་ནི་ཕྱིན་ཅི་ལོག་བཞིའི་ནང་ན་ལྟུང་ནས། ཁ་ཅིག་ནི་མི་རྟག། ཁ་ཅིག་ནི་རྟག
308b3 པར་མཐོང་ངོ་། ། དེ་ལ་གཅིག་ནི་མ་དེས་སེམས་ཅན་གྱི་མཐོང་བ་ལ་ཞིབ་ཏུ་བལྟས་ན། ཕྱོགས་བཅུའི་ཁམས་སུ་ངས་རྟག་པར་ཁྱབ་སྟེ། ཡོད་ནས་མི་གཡོ་སྙམ་ནས་ང་ནི་ཕྱོགས་བཅུར་ཁྱབ་ཅིང
308b4 སཱང་ལ་མི་གཡོ། སེམས་ཅན་ཐམས་ཅད་ངའི་ནང་ནས་རང་སྐྱེ་རང་འཆི་སྟེ། ངའི་རང་བཞིན་ནི་རྟག་པ་ཡིན་ནོ།། ངའི་ནང་ནས་སྐྱེ་ཞིང་འཆི་བ་ད་ནི་མི་རྟག་པའི་རང་བཞིན་སྙམ་མོ།། དེ་ལ་གཉིས་པ
308b5 ནི་མི་དེ་སེམས་ཅན་ལ་མི་ལྟ་བར་ཕྱོགས་བཅུའི་ཁམས་ལ་ཁྱབ་པར་བལྟས་ན། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ནི་བསྐལ་པས་འཇིག་པའི་གནས་སུ་མཐོང་སྟེ། དེ་ནི་ཡོད
308b6 ནས་མི་རྟག་པ་ཡིན་ནོ། ། སྣ་ཚོགས་ཀྱི་རང་བནན་གྱི་གནསསླ་པ་ས་མ་ཞིག་པ་དེ་ནི་ཡེ་ནས་རྟག་པ་སྙམ་མོ།། གསུམ་པ་ནི་མི་དེས་སེམས་ཅན་ལ་བལྟས་ན་ང་དང་ཞིང་ཕྲ་བ་ནི་རྡུལ་ཕྲ་མོ་དང་འདྲ་སྟེ། ཕྱོགས
308b7 བཅུའི་ཁམས་ནས་འཁོར་ཞིང་རང་བཞིན་ལ་འགྱུར་བ་མེད་དེ། ལུས་དེ་ཡང་སྐྱེ་ཡང་འཆི་སྟེ། མ་ཞིག་བས་ངའི་རང་བཞིན་རྟག་པ་ཡིན་ནོ།། སྐྱེ་ཤི་ཐམས་ཅད་ནི་དེ་ལས་བྱུང་ཞིང་རྒྱུ་སྟེ། རང་བཞིན
308b8 རྟག་པ་སྙམ་མོ། ། དེ་ལ་བཞི་པ་ནི་འདུ་ཤེས་ཀྱི་ཕུང་པོ་ནི་ཟད་པར་ཤེས། འདུ་བྱེད་ཀྱི་ཕུང་པོ་ནི་རྒྱུ་བར་མཐོང་སྟེ། འདུ་བྱེད་ཀྱི་ཕུང་པོ་ནི་རྟག་པར་རྒྱུ་སྟེ། རྟག་པར་གནས་པའི་རང་བཞིན་ཡིན་ནོ།།




iiif viewer powered by OpenSeadragon

308a - 309a

Texts on this page

Q896 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo
Q902 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa