e-texts navigator
Collection
Volume
Page
Wylie

308a1 དགའ་བོ་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་མི་དམིགས་པའི་ཡང་དག་པ་ཉིད་ལ་མཉམ་པར་བཞག་ན། བདུད་རྣམས་སེམས་ཐག་ཆོད་དོ།། རང་གི་རྒྱུ་བའི་རྩ་བ་ཤེས་ཏེ། ཟབ་མོ་དང་བདེ་བ་ལ
308a2 བརྟགས་ན་རྟག་པར་རྒྱས་པའི་ནང་ནས་སེམས་ཅན་ལ་ཚོད་འཛིན་ཏེ། མི་དེ་ནི་རྟག་པར་ཁྱབ་པར་ལྟ་བ་བཞིའི་ནང་དུ་ལྟུང་ངོ་།། དེ་ལ་དང་པོ་ནི་དེས་སེམས་དང་སེམས་ཀྱི་ཡུལ་གཉིས་ནང་ནས་རང་བཞིན་དུ
308a3 རྒྱུ་མེད་ཀྱང་སྤྱོད་པའི་ཚེ་ཤེས་པར་འགྱུར་རོ་ཞེ་བ་ན། བསྐལ་པ་ཉི་ཁྲིའི་པིར་དུ་ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཡོད་པའི་སྐྱེ་ཤིའི་འཁོར་བར་སྐྱེ་ཤིལ་འཁོར་ཏེ། གྱེས་ཤིང་སྦྱོར་མ་མྱོང་བས་དེ་ནི་རྟག་པ
308a4 ཉམ་དུ་སེམས་སོ། ། དེ་ལ་གཉིས་པ་ནི་མི་དེས་ཁམས་བཞི་ལ་བལྟས་ནས་ཁམས་བཞིའི་རང་བཞིན་རྟོག་པར་འདུག་སྟེ། སྤྱོད་ཅིང་སྦྱངས་པ་ལས་ཤེས་པར་འགྱུར་རོ།། བསྐལ་པ་བཞི་ཁྭའི་བར་དུ
308a5 ཕྱོགས་བཅུའི་སེམས་ཅན་གྱི་སྐྱེ་ཤིའི་ཇི་སྙེད་པ་ཀུན་རྟག་སྟེ། གྱེས་ཤིང་སྟོར་མ་མྱོང་སྟེ། དེ་ནི་རྟག་པ་སྙམ་མོ།། དེ་ལ་གསུམ་དུ་ནི་མི་དེས་སྐྱེ་མཆེད་དྲུག་ཐམས་ཅད་ལ་བལྟས་ན། འཇུག་པའི་ཡིད
308a6 ཀྱི་རྣམ་པར་ཤེས་པའི་ནང་ན་ཐོག་མ་ནས་གནས་མེད་དེ། རང་བཞིན་རྟག་པའི་ཕྱིར་སྤྱད་ཅིང་སྦྱངས་ན་གདོད་ཤེས་སོ།། བསྐལ་པ་བརྒྱད་ཁྲིའི་བར་དུ་སེམས་ཅན་ཐམས་ཅད་འཁོར་ཏེ། དེ་ཡེ་ནས་རྟག་པ
308a7 ལ་གནས་པས་གྱེས་ཤིང་སྟོར་བ་མ་མྱོང་སྟེ། དེ་ལྟར་རྟག་གོ་སྙམ་མོ།། དེ་ལ་བཞིར་ནི་མི་དེས་འདུས་ཤེས་ཀྱི་རྩ་བ་ཟད་ནས་འཁོར་བའི་སྐྱེ་ཤི་མེད་དེ། སྐྱེ་བ་དང་འཆི་བའི་འཁོར་བའི་རྒྱུ་བ་འགོག་པ་དང
308a8 འདུ་ཤེས་དང་། སེམས་ནི་ཡོངས་ནས་ཟད་པས་ད་ནི་ཡོང་ནས་མེད་དོ། དེའི་དོན་གྱི་ནང་ན་རང་གི་སྐྱེ་ཤི་མེད་པར་གྲུབ་སྟེ། རྟག་གོ་སྙམ་དུ་རྟོག་པའི་ཕྱིར་ཡང་དག་པར་ཤེས་པའི་གྲལ་སྟོང་ནས་མུ་སྟེགས




iiif viewer powered by OpenSeadragon

307b - 308b

Texts on this page

Q896 - 'dus pa chen po theg pa chen po'i mdo sde las de bzhin gshegs pa'i dpal gyi dam tshig ces bya ba theg pa chen po'i mdo
Q902 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa