| | e-texts navigator
|
307a1 བས་འདུ་ཤེས་ཀྱི་ཕུང་བཟད་པའི་མིང་ལ་ནི་རྨི་ལམ་གྱི་འདུ་ཤེས་རྟག་པར་སྙོམས་པར་འགགས་ནས། སད་པ་དང་གཉིད་ཡོག་པར་རྟག་ཏུ་གཅིག་སྟེ། ཚོར་བ་གསལ་བས་སྟོང་ཞིང་དདང།
307a2 དཔེར་ན་ནམ་མཁའ་དང་བྲལ། སྤྲིན་སྟུག་པོ་ཆེན་པོ་དག་གིས་ཁེབས་པ་མེད་དེ། འཇིག་རྟེན་ཐམས་ཅད་དུ་བལྟས་ན། ས་ཆེན་པོ་དང་། ཆུ་ཆེན་པོ་དང་། མི་དག་ཀྱང་མེ་ལོང་གི་ནང་དུ་འདུས་པར་སྣང
307a3 བཞིན་དུ་གཟུགས་བརྙན་འབྱུང་བ་ནའང་གོས་པ་མེད། ནུབ་པ་ན་ཡང་གྱུར་པ་མེད་དོ།། སྤྱོད་པའི་ལེན་པར་སྣང་བ་ལ་བརྟགས་ན། སྔོན་གྱི་བག་ཆགས་ཏེ། སྐྱེ་ཤིའི་རྩ་བའི་ངོ་བོ་ཉིད་དུ་རིག
307a4 ནས་བཙལ་དུ་མི་རྙེད་དེ། དད་པ་དེ་ཁོ་ན་དང་རོ་གཅིག་གོ། ཕྱོགས་བཅུ་ཐམས་ཅད་རིགས་བཅུ་གཉིས་ལས་སྐྱེས་པའི་སྐྱེ་བོ་རྣམས་ཀྱིས་དོན་མ་རྟོགས་མོད་ཀྱི། ཡུན་རིང་དུ་བསྒོམས་ན
307a5 སོ་སོ་ན་དོན་ཁོང་དུ་ཆུད་པར་འགྱུར་ཏེ། དཔེར་ན་རྐྱང་དང་འདྲ་བར་ཁད་ཀྱིས་འདུལ་ལོ།། དེའི་མིང་ནི་འདུ་བྱེད་ཀྱི་ཕུང་པོས་བསྒྲིབས་པའོ།། དེ་ལྟར་དྲད་པ་ལས་བརྙོགས་པ་དེ་བགས་ཀྱི་ས་དང
307a6 བཞིན་དུ་ངོ་བོ་ཉིད་ལ་ཞུགས་ཏེ། གཅིག་དང་ན་བག་ཆགས་མེད་དོ།། དཔེར་ན་ཚུ་རྙོག་པ་ཅན་ལས་དང་སྟེ་སངས་རྒྱས་ན་དང་བ་ཞེས་བྱ་སྟེ། དེའི་མིང་ནི་འདུ་བྱེད་ཀྱི་ཕུང་པོས་ཟད་ནས་མི་དེས་ནི
307a7 སེམས་ཅན་གྱི་རིགས་མ་ལས་འདས་པའོ། ། དོན་དེ་ལ་བརྟགས་ན་ཟབ་ཅིང་མི་མཐོང་བའི་ཕྱིར་རོ།། དགའ་བོ་ཤེས་པར་བྱོས་ཤིག། ཡང་དག་པ་ཉིད་ཆུད་ཅིང་མཐོང་སྟེ། ཏིང་ངེ་འཛིན་དུ་འཇུག་པའི
307a8 རིགས་ཀྱི་བུ་དག་ཡང་དག་པ་དམིགས་སུ་མེད་པ་དེ་ཉིད་ལ་བཞག་ན། རིགས་ཀྱི་བུ་ལྷའི་བདུད་ཀྱང་སེམས་ཐག་ཆོད་དོ།། སྦྱངས་ཤིང་དང་བ་ཐོབ་ནས་རང་གི་རིགས་ཀྱི་རྩ་བ་ཤེས་ཏེ། རིགས་དེའི་ནང་གི
iiif viewer powered by OpenSeadragon
306b - 307b