| | e-texts navigator
|
306a1 རྒྱས་པ་ཡིན་ཏེ། འཇིག་རྟེན་དུ་འབྱུང་མོད་ཀྱི། འདུས་བྱས་ལས་སྐྱེས་པ་མ་ཡིན་ནོ།། ཞེས་ཟེར་ཏེ། དེའི་མིང་ནི་འཇིག་རྟེན་གྱི་རང་དབང་ཅན་གྱི་ལྷའི་བདུད་ཡིན་ཏེ། རང་གི་གཉེན་པ་ཤེས་ཀྱང་ལས།
306a2 བྱེད་དུ་བཅུག་ནས། ཙ་མུན་ཆའི་ཡི་དགས་མོ་དང་། ཕྱོགས་བཞིའི་རྒྱལ་པོ་དང་། ཤ་ཟའི་བུ་དང་འདྲ་སྟེ། སུས་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། ཏིང་ངེ་འཛིན་དང་བྲལ་བའི་མི་དག་གི་ཁུ་ཆུ་འཐུང་ངོ་དོ།། བར་བར་ནི
306a3 སྟོན་པའི་མཁན་པོ་མེད་པ་རང་དགེ་བའི་སྤྱོད་པ་དག་གིས་མཐོང་བ་དང་། ད་ནི་རྡོ་རྗེ་འཆང་བ་ཡིན་ཏེ། ཁྱོད་ལ་ཚེ་རརིང་བར་བྱའོ།། ཞེས་སྨྲའོ།། ཆེད་འགའ་ནི་བུད་མེད་པ་ཟད་མོར་སྤྲུལ་ཏེ། གཡེམ་པ་རྒྱས་པར་སྤྱད
306a4 ནས་ལོ་མང་པོ་མ་ལོན་པར་གླན་པ་དང་མཚན་པ་སྐམས་སོ། ། རང་གཅིག་པུ་ཡང་སྨྲ་བར་བྱེད་དོ།། མི་དག་དང་ཕྲད་ཏེ་གཏམ་བྱས་ནས་གླེན་པར་འགྱུར་བར་བྱེད་དེ། མིའི་སེམས་སྐུར་ཞིང་མི་དག་ལ་གནོད
306a5 པ་བྱེད་དོ། ། དེ་དག་གིས་མ་ཚོར་ནས་རྒྱལ་པོའི་གྱོད་ལ་ཐོགས་སོ།། འཆི་བའི་ཚེ་དུས་ལ་མ་བབ་པར་སྐམས་ཏེ་འཆིའོ།། གློ་བུར་དུ་ཡང་འཆི་བར་འགྱུར་རོ།། ཁྱོད་འཁོར་བ་ལ་མ་འཇུག་པར་སྔར་ཚོར་བར
306a6 གྱིས་ཤིག། འཁྲུལ་ཅི་དེ་བསླུས་པར་མི་ཤེས་ན་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། དགའ་བོ་བདུད་དེ་རྣམས་བཅུ་ནི་མ་འོངས་པའི་དུས་ཀྱི་ཚེ་ངའི་གསུང་རབས་ལས་རབ་ཏུ་བྱུང་སྟེ། ཆོས
306a7 ཀྱི་ལམ་སྒྲིབ་པའི་མིའི་སེམས་ཀྱི་ནང་དུ་འཇུག་པར་བྱེད་དོ། ། རེས་འགའ་ནི་རང་མངོན་པར་སྟོན་པར་མི་དག་ལ་འདི་སྐད་དུ་སྨྲའོ།། ཡང་དག་པར་ཁྱབ་པར་ཤེས་པར་ཚོར་རོ།། གཡེམ་པ་སྤྱོད་པ་ལ་སྟོད་ཅིང
306a8 ངས་རྒྱས་ཀྱི་ཚུལ་ཁྲིམས་འཇིག་སྟེ། སྔར་ནི་མཁན་པོས་བསླུས་ཕྱིས་ནི་སློབ་མས་བསླུས་ཏེ། གཡེམ་པ་སྤྱོད་ཅིག་པར་གཅིག་གིས་གཅིག་འདོགས་པར་བྱེད་དོ།། དེ་ལྟར་ལྷམ་ཡིན་མིང་སྦྱར་ཞིང་སེམས་ཀྱི
iiif viewer powered by OpenSeadragon
305b - 306b