| | e-texts navigator
|
105b1 ཁྲིམས་བཟོད་པ་སྟོབས་དང་ཡེ་ཤེས་དང་། ། ཐབས་དང་བསམ་གཏན་རྫུ་འཕྲུལ་སྨོན་ལམ་མཉན་པར་འཚལ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས
105b2 དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་རིའི་དུག་དང་ཟོ་མ་དང་རིའི་སུལ་དང་གསེབ་དང་། སྨན་ལྡོད་ན་སེང་གེའི་མཆོག་རྣམ་པར་བསྒྱིངས་ཤིང་ང་རོ་རྣམ་པར་སྒྲོགས་པ་ལྟ་བུའི་མིའི་དབང་པོའི་གཙུག་གི་ནོར་བུ་ལ་སོགས་པ། བྱང་ཆུབ་སེམས་དཔའ་དེ་དག་དང་།
105b3 ལྷའི་བུ་དེ་དག་དང་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བ་ཟག
105b4 ཆེན་པོའི་མདོ་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་པྲདྷ་བ་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བ་ན་དེ་ཡེ་ཤེས་སྤེ་ལ་སོགས་པས་སྨྲར་ཅིང་ཞུས་ཏེ་གཏན་ལ་ཕབ་ས།། ། རྒྱ་གང་སྐད་དུ། ཨཱནྱ་དཱན་ནུ་ཤངས་ནིང་དེག། བོད་སྐད་དུ། འཕགས་པ་སྦྱིན་པའི་ཕན
105b5 ཡོན་བསྟན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས
105b6 ཏེདེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་བཅུ་རྩ་བདུན་སྦྱིན་པ་སྦྱིན་ནོ།། སུམ་བཅུ་རྩ་བདུན་གང་ཞེ་ན། སེར་སྣ་རྣམ་པར་སྤང་བའི་ཕྱིར་དད་པས་སྦྱིན་པ་སྦྱིན་ནོ།། དུས་སུ་སྦྱིན
105b7 པསྦྱིན་ནོ། ། དེ་བཞིན་གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པར་སྦྱིན་པ་སྦྱིན་ནོ།། སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་སྤང་བའི་ཕྱིར་སྟི་སྟང་དུ་བྱས་ཏེ་སྦྱིན་པ་སྦྱིན་ནོ།། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བའི་ཕྱིར་རང་གི
105b8 ལག་ནས་སྦྱིན་པ་སྦྱིན་ནོ། ། གཞན་ལ་མི་གནོད་པའི་སྦྱིན་པ་སྤྱན་ན་རྣམ་པར་སྨིན་པ་གཏོང་བ་ཆེན་པོ་འཐོབ་པར་འགྱུར་རོ།། ཁ་དོག་ཕུན་སུམ་ཚོགས་པར་སྦྱིན་པ་སྦྱིན་ན་རྣམ་པར་སྨིན་པ་ཁ་དོག་མཛེས་པ་འཐོབ་པར་འགྱུར་རོ།། དྲི་ཕུན་སུམ་ཚོག
iiif viewer powered by OpenSeadragon
105a - 106a