| | e-texts navigator
|
222a1 ཆེན་ཤིན་ཏུ་འཇིགས་སྲག་རུང་། ། ཁྱོད་ལ་སོགས་པ་བརྩོན་འགྲུས་སྤྱོད།། དེ་ལྟའི་དུས་ངན་མ་མཐོང་བྱོས།། སངས་རྒྱས་ཆོས་ཀྱི་ཡིག་འདི་བཤད་ཟིན་ནས། རྒན་ཞིང་བཙུན་པ་ཤཱ་རིའི་བུ་དང་། དགེ་སློང་དང་། དགེ་སློང་མ
222a2 རྣམས་དང་། འཇིག་རྟེན་གྱི་ལྷ་དང་། མི་མང་པོ་ཐམས་ཅད་ཀྱིས། སངས་རྒྱས་ཀྱིས་བཤད་དོ་ཅོག་ཟོས་ནས།། ཀུན་ཤིན་དུ་དགའ་གཞའ་སྟེ། སངས་རྒྱས་ཀྱིས་བཤད་པ་ལ་ཡིད་ཆེས་པར་མནོས་སོ།། །། སངས་རྒྱས་ཀྱིས
222a3 བཤད་པ་སངས་རྒྱས་ཀྱི་མཛོད་རྫོགས་སྷོ། ། ཆུ་ལོག་སྟོང་ཉིས་བརྒྱམ་བམ་པོ་བཞིར་བྱས་ས།། @།། རྒྱ་གར་སྐདདྷ། ཨཱརྱ་ར་ནྟ་ཀཱར་ནཱ་མ་མ་ཧཱ་ཡ་ན་སྱཱཏྨ། བོད་སྠཱ་དང། འཕགས
222a4 པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས
222a5 ཡུལ་གནས་བཅས་ན་ནག་པོའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དབང་དང་ལྡན་པར་གྱུར་པ། མངོན་པར་ཤེས་པ་མངོན་པར་ཤེས་པའི་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་དང་། འཇམ་དཔལ་གཞོན་ནུར་གྱུརཔ
222a6 ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བ་ནི་སྟོང་དང་། ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ།། ཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་ཞུགས་པ་ཐེག་པ་གྲངས་མེད
222a7 པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བསམ་གྱིས་མི་ཁྱབ་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་མཚུངས་པ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་དཔག་ཏུ་མེད་པ་ལ་ཡང་དག་པར་ཞུགས་པ། ཐེག་པ་བརྗོད་དུ
222a8 མེད་པ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ནང་ཚད་མེད་པ་ཡོངས་སུ་དག་པའི་སྨོན་ལམ་ལ་ཡང་དག་པར་ཞུགས་པ། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་སངས་རྒྱས
iiif viewer powered by OpenSeadragon
221b - 222b