e-texts navigator
Collection
Volume
Page
Wylie

55b1 རྣམས་རབ་ཏུ་བརྗོད་དུ་གསོལ།། ལག་ན་རྡོ་རྗེས་སྨྲས་པ། བྲམ་ཟེའི་ཁྱེའུ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ད་ཡིས་བདེ་གཤེགས་ཐོ་བ་ཐམས་ཅད་ཀྱིས་རྟག་ཏུ་བརྗོད་པའི་ཡང་སྙིང་འདི་རབ་ཏུ་སྨྲས་སོ།། ན་མོ་ཏཱ་ཏྲ་ཡཱ་ཡ། ནམ་ཤུ་ཎ
55b2 བཛྲ་པཱ་ཎ་ཡེ། མ་ཧཱ་ཡ་ཀྵ་སེ་ནཱ་པ་ཏ་ཡ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུན་དྷཱ་ན་བཛྲ། ད་ཧ་ད་ཧ་བཛྲ། བ་ཙ་བ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དཱ་ར་ཡ་དཱ་ར་ཡ་བཛྲ། དཱ་རུ་ཎཱ་དཱ་རུ་ཎ་བཛྲ། ཙྪིན་དཙྪིན་ད་བཛྲ། བྷིན་དྷ་བྷིན་དྷ་བཛྲ་ཧཱུཾ
55b3 ཕཊ། ན་མ་ཤྩ་ཎ་ཌ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུ~ཾ་ཕཊ། བྲམ་ཟེའི་ཁྱེའུ་གང་ལ་ལ་ཞིག་གིས་བདེ་གཤེགས་བདུད་རྩི་འཁྱིལ་བའི་ཆ་བཟུང་སྟེ། ཁྲོ་བོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་འདི་རབ་ཏུ
55b4 སྤ་ཞིང་བཀྟའི་བྲག་ཐམས་ཅད་ནས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་སྤྲུལ་ཏེ་ཕྱོགས་བཅུར་སྨོས་ན། སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ངན་པ་བྱེད། ཚེ་དང་སོད་ནམས་བ་ཏུ་བྱས་ཏེ། དགྲ་དང་། དུག་ང་དུས་མ་ཡིན་པ་འཆི་བ་ལས་རྣམ་པར་ཐར་ན
55b5 གང་ཞིག་གིས་དམིགས་པའི་རྒོལ་བ་ངན་པ་ལ་རྩི་མ་ག་དྷ་སྤྲིན་གྱིས་བཤིག་པ་འམ། སྐྱུ་རུ་ར་རློན་པ་གསེར་གྱིས་བཞིབས་པ་བཞིན་དུ་དམིགས་ཏེ། རྡོ་རྗེའི་ཚིག་འདི་སྨྲ་ཞིང་། རྡོ་རྗེ་ཕྲ་མོ་སྤྲོས་པས་དེ་དག་གི་ཕུང་པོ་ལྔ་དབང་པོ་ལྔ་མྱུར་དུ་རཱག
55b6 པར་འགྱུར་རོ། ། ལྷས་སྨྲས་ན་ལྷའི་ཟླ་བ་གཅིག་གམ། ལོ་ལྡན་ལྷ་མ་ཡིན་མགོ་འགས་པར་འགྱུར་རོ།། དགེ་སློང་གིས་སྨྲས་ན་བདུད་ཀྱི་མཚོན་ཆ་རྣམས་མྱུར་དུ་བཏུལ་བར་འགྱུར་རོ།། མིས་བརྗོད་ན་གང་ལ་དམིགས་པ་དེ་མོའི་ཟླ་བ
55b7 གཅིག་གམ། མའི་ལོ་ལྡན་ངེས་པར་བརླག་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་དང་། བྲམ་ཟེའི་ཁྱེའུ་ལ་ལགས་པ་ཞེས་བྱ་བ་བྱིན་ནས་མི་སྣང་བར་འགྱུར་རོ།། དེ་ནས་བྲམ་ཟེའི་ཁྱེའུ་དེས་ཚངས་པའི་སྐད་བྱུང་སྟེ། རྡོ་རྗེ
55b8 ཚིག་འདི་ལྷ་གནས་གསུམ་པོར་བསྒྲགས་སོ། ། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། ། @#།། རྒྱ་གར་སྐད་དུ། ཨཱརྱ་བཛྲ་བྷཻ་ར་བ་དྷཱ་ར་ཎཱི་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་འཇིག་བྱེད་ཀྱི་གཟུངས




iiif viewer powered by OpenSeadragon

55a - 56a

Texts on this page

Q580 - rdo rje phra mo thogs pa med pa zhes bya ba'i gzungs
Q581 - 'phags pa rdo rje 'jigs byed kyi gzungs zhes bya ba