| | e-texts navigator
|
55a1 ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང་པོ་དུ་མ་ཡང་མྱོང་ནས། སྟེང་གི་གནས་གཙང་མ་དང་། འོག་མིན་གྱི་ལྷ་དང་། འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་དག་གིས་འོད་དང་ལྡན་པའི་མེ་ཏོག་དང་།
55a2 བདུག་པའི་སྤྲིན་དང་། རིན་པོ་ཆེ་མང་པོའི་ཆར་རྒྱ་ཆེན་པོས་མཆོད་ནས་བསྟོད་པསྙན་པས་བསྟོད་དེ་སྙན་ཅིང་ཟབ་ལ་རྔ་སྒྲ་ལྟ་བུ་དང་། བསིལ་བ་དང་བསོད་ནམས་ཀྱི་ཚིགས་སུ་གཅད་པ་དག་ཀྱང་སྨྲས་སོ།། བཅོམ
55a3 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དང་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡིད་རངས་ཏེ།། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
55a4 འཕགས་པ་རྡོ་རྗེ་མི་འཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད
55a5 གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པོ། ། །། རྒྱ་གར་སྐད་དུ། བཛྲ་སཱུཀྵཱ་ཨ་པྲ་ཏི་ཧ་ཏ་ན་མཱ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ
55a6 ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྡོ་རྗེ་རིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སངས་རྒྱས་ཀྱི་མཐུས་གསང་བ་པའི་བདག་པོ་རྡོ་རྗེ་ཧཱུཾ་ཞེས་བྱ་བས།
55a7 བཞིན་རབ་ཏུ་འབར་བ་བསྟན་ཏོ།། བཅོམ་ལྡན་འདས་ཀྱི་ཐད་དུ་འདུག་གོ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྤྲུལ་པ་ལས་བྲམ་ཟེའི་ཁྱེའུ་གཅིག་བྱུང་སྟེ། གསང་བ་པའི་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི
55a8 བདག་པོ། ། རིག་པའི་བདག་པོ།། གཟུངས་ཀྱི་བདག་པོ།། ལྷ་གནས་གསུམ་པོ་དག་ན་ལྷ་ཉམ་ཆུང་བ་དང་། ཀླུ་ཉམ་ཆུང་བ་ལ་ཟིལ་གྱིས་གནོན་པ་དྲག་པོས་རབ་ཏུ་གཞོམ་པའི་གསང་སྔགས་དང་། རིག་སྔགས་གཟུངས་སྔགས།
iiif viewer powered by OpenSeadragon
54b - 55b