| | e-texts navigator
|
243b1 ཀྱིས་གསུངས་པ་ལ་རྗེས་སུ་ཡིད་རང་སྟེ། མངོན་པར་བསྟོད་དོ།། འཕགས་པ་སྣང་བརྒྱད་ཅེས་བྱ་བའི་ཐེག་པ་ཆེན་པོའི་མདོ།། རྫོགས་སྟེ།། ། རྒྱ་གར་སྐད་དུ། བཱ་ཛ་མ་གྲཱ་ནཱ་མ་དྷཱ་ར་ཎཱི་ཡོད
243b2 སྐད་པྲ་མཆོད་པའི་སྨོན་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ན་མོ་དན་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་ས་ར་པྲ་མར་ཏ་ནི། ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་ས་མྱགས་བུད་དྲཱ་ཡ། ཏད་ཡ་ཧཱ།
243b3 ཨོཾ་བཛྲ་བཛྲེ། མ་ཧཱ་བཛྲ། མ་ཧཱ་ཏེ་ཙ་བཛྲེ། མ་ཧཱ་བིརྱ་བཛྲེ། མ་ཧཱ་བོ་དྷི་ཙཏྟ་བཛྲེ། མ་ཧཱ་བོ་དྷི་མན་ཏོ་པ་ས་ཀྲ་མ་ན་བཛྲེ། སརྦ་ཀརྨཱ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ།། གཟུངས་སྔགས་འདིའི་ཆོ་ག་ན་འདི་ཡིན་ཏེ། དྲན་པ་ཙམ
243b4 གྱ་མོད་ལ་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་རབ་སྙེད་ལ་མཆོད་པ་བྱས་པར་འགྱུར་ཞིང་ཞབས་ལ་ཕྱག་བྱས་པར་འགྱུར་རོ། ། མེ་ཏོག་དང་། བདག་པ
243b5 དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྲུག་པ་དང་། ཕྱེ་མ་དང་། ཆོས་གྲོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། གདན་དང་། གདིང་བ་དང་། ན་བཟའ་དང་། སྤྱན་གཟིགས་དང་། བཤོས་གཙང་ལ་སོ་ཏྲ
243b6 པ་དང་། རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞིང་དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས
243b7 ཅད་མཐོང་བས་ཡང་དག་པར་དབུགས་འབྱིན་པར་འགྱུར་རོ། ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། ལག་ན་རྡོ་རྗེ
243b8 ལ་སོགས་པ་གསང་བ་པའི་བདག་པོ་དང་བཅས་པ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་པོ་རྣམས་ཕྱི་བཞིན་ཡང་དག་པར་འབྲང་ཞིང་སྲུང་བ་དང་། སྐྱོབ་པ་དང་། སྲེད་པར་བྱེད་དོ།། འདི་ནས་ཤི་འཕོས་ན་ཡང་འཇིག
iiif viewer powered by OpenSeadragon
243a - 244a