| | e-texts navigator
|
195b1 བ་གན་འདུས་པ་ཞི་པར་གྱུར་ཅིག་སྭཱ་ཧཱ། ནད་པའི་སྨན་ལ་གདཔ་པོ།། སྟོང་ཆེན་མོ་ནས་ཕྱུང་བ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེས
195b2 པདག་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་ལྷ་བཻ་དཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལོ། ། ཎ་གྷ་མོ་མྦྷ་ཥེ། ཛེ། གྷ་། 99། ས་སྲ་ག་ཏེ་སྭཱཏྨ། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གང་བབ།
195b3 རྫོགས་སྷོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་མོ་ལ་སུ་ཁི། ཏྲི་མུ་ཁ། ཏྲི་མུ་ཥི། མ་ཧཱ་སྲ་མུའི། ཏ་ཐཱ་ག་ཏཱ་མུ་ཁ་སྟྲཻ་ཧ་མ། ནི་དཆིན་ད། བྷིན་དྷ་བྷིདྷ། པྲ་ཐཱ་ནཱ་གཙྪ་མཱ་ཧ་ཀཱཏྨ། མངས་དཔ
195b4 ཀད་། གགན་རང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་གཤེགས་ནས་མཚེར་བའི་སྨན་ཞི་བར་འགྱུར་རོ།། ཐེ་ཚོམ་མེད་དོ།། སྨན་ཞི་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱཊྚ་ནཱ་ཊཱི་ཡ་མ་སཱུཏྲ
195b5 ནཱ་མ་ཧཱ་སྭཱཏྲ། བོད་སྐད་དུ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུབ་མ་ཡིན་པ་དང་འཐུན་པའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འ
195b6 མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཁ་དོག་འཕགས་པ་གཡོག་འཁོར་གནོད་སྦྱིན་དུ་མ་དང་། གཡོག་འཁོར
195b7 གནོད་སྦྱིན་བརྒྱ་ཕྲག་ཏུ་མ་དང་། གཡོག་འཁོར་གནོད་སྦྱིན་སྟོང་ཕྲག་དུམ་དང་། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དྲས་དང་ལྡན་པ་ནམ་གྲོས་པ་དང་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན
195b8 འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་དུ་འདུག་གོ། ། དེའི་ཚེ་རྒྱལ་པོ་ཆེན་པོ་ནས་ཐོས་ཀྱི་བུའི་ཁ་དོག་གི་མཐུས་རྒྱལ་པ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ།། རྒྱལ་པོ
iiif viewer powered by OpenSeadragon
195a - 196a