| | e-texts navigator
|
195a1 བརྒྱལ་ལོ། ། དྲེགས་པ་མ་རུངས་པ་རྣམས་སྐྲག་པ་དང་བརྒྱལ་ལོ།། བདུད་སྐྲག་པར་བྱེད་པའི་གཟུངས་རྫོགས་སྷོ།། །། མ་འབྱོར་པར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས་འཕགས་པ་འཇམ་དཔལ་ལ་ཕྱག
195a2 འཚལ་ལོ། ། ཨོཾ་ཨུ་བས་ཨུ་བས། སུམ་སུ་མ། སརྦ་ནན་རྦད་སྭཱ་ཧཱ། ཧཱུཾ་ཕ་མ་ཤ་མ་ཤན་ཏི་ཀུ་རུ་ཡེ་སྭཱ་ཧཱ། ལན་གསུམ་བརྗོད་དེ་རྨ་ལ་མཆིལ་མ་བྱུགས་ན་རྡོས་ཕོག་པ་དང་། མཚོན་བརྒྱབ་པ་དང་། རྩ་ཆད་པ་དང་། གླང་བ
195a3 ཆག་པ་རྣམས་སོས་པར་བྱེད་དོ་རྫོགས་སྷོ། ། །། མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། བསིལ་མཛད་ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ།། ཨོཾ་བྷྲ་མ་ནི་བྷྲ་མ་ནི། ཛྷ་ར་བྷྲ་མ་ནི་སྭཱ་ཧཱ།། ཞེས་ལན་བཅུ་གཅིག་བརྗོད
195a4 དམཆིལ་མ་བྱུགས་ན་མེས་ཚིག་པའི་ཟུག་རྔུ་ཞིའོ། ། རྫོགས་སྷོ།། །། ཁྲིས་པའི་ནད་སེལ་བའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ན་མོ་ཧི་ཏུ་ཏེག་སྭཱ་ཧཱ། བསིལ་ཡབ་ཀྱོས་ལུས་ལ་གཡབས་ན་འབྲིས་བཱི།
195a5 ནད་དང་། མིག་གསེར་དང་། གཡའ་བའི་ནད་སེལ་བར་བྱེད་དོ།། རྫོགས་སྷོ།། །། བདགན་གྱི་ནད་སེལ་བའི་གཟུངས་སྔགས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཨོཾ་ཤན་ཏི་ཤན་ཏི། བྷི་ཏི་ཤན
195a6 སརྦ་པི་ཏི་མུ་ལ་མྱགས་སྭཱ་ཧཱ། ཟས་མ་ཞུ་བ་དང་། སྤོས་པ་དང་། སྨན་ནད་དང་། ཆུ་དང་། ཁྲག་སྐྱུགས་པ་དང་། བད་ཀན་གྱི་ཟུག་ཀ་ཟེར་རབ་ཏུསེལ་ལོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཀྵ་ཡའི་ནད་སེལ་བའི
195a7 སྔགས། ན་མོ་ཧེ་རྦ་ཏི་ཀེ་སྭཱ་ཧཱ། ལུས་ལ་ནད་འདུན་ནད་ཁོད་སྐེམས་ཀྱིས་བཏབ་ན་བསིལ་ཡབ་ལ་ཆུས་གཏོར་ཏེ། ལན་དྲུག་བཅུ་རྩ་གཅིག་སྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ།། ཀྵ་ཡའི་ནད་སེལ
195a8 བའི་གཟུངས་རྫོགས་སྷོ། ། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སཱད་ཡ་ཐེ་དཊ། ཁ་ཊེ་ཁ་ཊེ། ཁ་ཊ་བི་ཁ་ཊེ། ཙ་ལེ་བི་ཙ་ལེ། བི་ལ་མ་བེ་བ་ལེ་བ་ལ་བཏེ། ཙན་དྲ་ཙ་ར་ཎེ་ཨ་མྲི་ཏ་ནིར་གྷོ་ཤེ་རླུང་འཁྲིས
iiif viewer powered by OpenSeadragon
194b - 195b