| | e-texts navigator
|
192a1 གྱུར་ཅིག། སྟོང་པ་ཉིད་ལ་བཟོད་པ་ཐོབ་པར་གྱུར་ཅིག། སྟོང་པ་ཉིད་ཀྱི་དོན་མཐོང་བར་གྱུར་ཅིག། སྟོང་པ་ཉིད་ཀྱི་དོན་བྱེད་པར་གྱུར་ཅིག། འདི་བརྗོད་པས་པར་དུ་གཅོད་པ་ཐམས་ཅད་ཀྱང་རྣམ་པར་སེལ་འང་།
192a2 འགྱུར་རོ།། འཕགས་པ་མཆོག་ཐོབ་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཟད་པར་དྷ་ནི་ནཱ་མ་དྷཱ་རཏྲི། བོད་ས་དང། ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།
192a3 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གྲོ་ལྡན་ཞེས་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རྀ་བ་ལ་གནས་པའི་ལྷའི་ཐཐམས་ཅད་ཀྱིས་བསོར་ནས་མདུན་དུ་བྱས
192a4 ཏེ་ཆོས་སྟོན་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ
192a5 རྟུལ་གོ། ། བློ་ཞན་པ། ཡིད་མི་གཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ་སྐྱེད་པ་ཞེས་བགྱི་བའི་གཟུངས་བཤད་དུ་གསོལ།། བཤད་པ། ཧཱུཾ་པི་བུ་པི་བུ། པྲ་ཛྙཱ་པར་དྷ་ནི་ཛ་ར་ཛ་ར། མེ་དྷ་བར་དྷ་ནི། དྷི་རི་དྷི་རི། བུད་དྷི་བར་དྷ་ནི
192a6 སྭཱ་ཧཱ། གང་ཞིག་གཟུངས་འདི་འཛིན་པ་དང་། ཀློག་པ་དང་། འབྲི་བ་དང་། འབྲིར་འཇུག་པ་དང་། ཆུང་ངུན་ཡི་གེ་འབྲུ་གཅིག་ཙམ་ཐོས་ན་ཡང་དེའི་ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ།། གང་གིས་ཟླ་བ་དྲུག་གེ་བར
192a7 དུ་ཉིད་རེ་ཞིང་རྩ་བས་ཁྱོར་གང་ལ་རིག་པ་འདི་ལན་བདུན་བཏབ་སྟེ་ཉི་མ་ཤར་པའི་ཚེ་འཐུངས་ན་ཚིགས་སུ་བཅད་པ་སྟོང་སྟོང་འཛིན་ཏོ། ། ལན་ཅིག་འཐུངས་ན་ལྔ་བརྒྱ་འཛིན་ཏེ། ཉིན་གཅིག་ཤེས་རབ་འཕེལ་བར
192a8 འགྱུར་རོ། ། ཉིན་རེ་བཞིན་དུ་བརྗོད་པ་ཙམ་གྱིས་དྲན་པ་དང་ཡིད་བཞུངས་པར་འགྱུར་རོ།། ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ལོ་ཙྪ་བ་བན་དྷེ་ཀླུའི་དབང
iiif viewer powered by OpenSeadragon
191b - 192b