| | e-texts navigator
|
86a1 ཀྱིས་མི་ཚུགས་སོ། ། འཆི་བའི་ཚེ་འཕགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ།། ཇི་ལྟར་སྨོན་ལམ།
86a2 བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ།། རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་སྤྱན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ
86a3 སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། ། ཏཱདྱརྨཱ། ཨོཾ་ཏ་ཏཱ་ར། ཏཱི་ཏར། དྷུ་རཱ་དྷ་ར། ཀ་ལ་ཀ་ལ། ཀ་ལ~ཾ་ཀི་པ~ཾ། ཀུ་ལུ་ཀུ་མྲཱ། ཋཱ་རབྷུ་རྱ། བྷྲྀ་ར~ཾ་བྷ་ར། བྷུ་རུ་བྷུ་རུ། བྷཱ་ས་བྷ་ཡ། ཀུ་རུ་བནས
86a4 ཀརྨ་ཨ་བ་ར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སྭཱ་ཧཱ། ཛྭ་ལ་ནེ་བ་དྷི་ནི་བེ་སྭཱ་ཧཱ། ཀུ་རུ་པཾ་ཙ་ལི་སྭཱ་ཧཱ། ས་ག་ར། སཾ་པ་རོ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྛི་ཏེ་སྭཱ་ཧཱ།། གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ནང་བར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས
86a5 བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི་ཚེ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། ། སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར་རོ།། དེ་ལ་མིག་ནད་འབྱུང་བར་མི་འགྱུར་རོ།། ལུས་ལ་ནད་འབྱུང་བར་མི་འགྱུར་རོ།། ཡིད་ཀྱི་ཉེས་པ
86a6 འཐུང་བར་མི་འགྱུར་རོ། ། སྤྱན་ལྔ་ཡང་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་ཡིད་རྣམ་པར་དག་པ་ལྔ་ཡང་ཐོབ་པར་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི
86a7 བར་དུ་སངས་རྒྱས་མཐོང་བ་དང་ཆོས་མཐོང་བ་དང་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་བྲལ་བ་མི་འགྱུར་རོ།། ལུས་མཛེས་པར་འགྱུར་རོ།། སེམས་དང་བར་འགྱུར་རོ།། འཕག
86a8 བཟད་པའི་སྟན་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ།། ཏྱ་གྶ། མ་མི་ཏེ། ཨ་མ་ཏོད་གས་།
iiif viewer powered by OpenSeadragon
85b - 86b