| | e-texts navigator
|
166b1 ཀྱི་སྒྲིབ་པ་བསགས་པ་འབྱུང་བར་འགྱུར་རོ། ། འཆི་ཀར་ཡང་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐོར་ཚུགས་ཀྱིས་དབུ་བརྒྱན་པའི་སྒྲ་ཡང་མཐོང་བར་འགྱུར་རོ།། མདོར་།
166b2 ན་གཟུངས་འདིའི་ཕན་ཡོན་ནི་མཐའ་ཡས་སོ།། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། ལོ་ཙྪ་བ་བན་དྷེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི
166b3 མཁན་པོ་བི་ཤུད་དྷ་མིང་ག་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་དེ་བ་ཙན་དྲས་གཏན་ལ་ཕབ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཇམ་པའི་མགོན་ཕྱག་འཚལ་ལོ།། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས
166b4 ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས
166b5 ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་རིག་པ་མཐོང་བར་བགྱི་སྟེ། རིག་པ་དམ་པ་འདི་སྨྲས་ན་ནི་ངོ་མཚར་དུ་འགྱུར་རོ།། ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
166b6 པོ་འཇམ་དཔལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔ་ལ་ཁྱེད་ཀྱིས་རིག་པ་སྨྲོས་ཤིག། བདག་གིས་བཅོམ་ལྡན་འདས་ཀྱི་གསུང་གིས་སྨྲ་བར་བགྱིའོ།། བྱང་ཆུབ་སེམས
166b7 དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཆོས་ཐམས་ཅད་ལ་ཕྱག་འཚལ་ཏེ་མཆོད་པ་བྱས་ནས་རིག་པ་སྨྲས་སོ། ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿན་མོ་མཉྫུ་ཤཱི་ཡེ། བོ་དྷི་ས་ཏྭཱ་ཡ་ཨོཾམ
166b8 མཉྫ་གྷོ་ཥ། ཧ་ན་ཧ་ན། པ་ཙ་པ་ཙ། མ་ཏ་མ་ཏ། མ་ཐ་མཐ། བི་དྷྲྀ་སཱ་ཡ་བི་དྷྭཾ་སཱ་ཡ། ཀ་ར་ཀ་ར། རྠ་ཏ་རྠ་ཏ། བ་ན་ཛ་བ་ནཛ། ཨ་བྷི་ས་ཨ་བྷི་ས། ཏུཊ་ཏུཊ། རྠཏཏྶཏ།། སྥུཊ་སྥུ་ཊ། ཧྲིད་ཡ་བོ་དྷ་ནི། ན་མཿསཾ་བྷོ་དྷ་ནི། པྲ་བྷེས
iiif viewer powered by OpenSeadragon
166a - 167a