e-texts navigator
Collection
Volume
Page
Wylie

160b1 མཐའ་དག་ཤེས་ཏེ། ཀུན་ཆུབ་པར་བྱེད་པ་དེས་དཔྱིད་ཟླ་ཐ་ཆུང་དང་། དབྱར་ཟླ་ར་བ་དང་། སྟོན་ཟླ་ཐ་ཆུངས་ཀྱི་ཚེ་བརྒྱད་ནས་གཟུང་ལ་བཅཝ་ལྔའི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། ཉིན་ལན
160b2 གསུམ་མཚན་ལན་གསུམ་པསམ་ཞིང་། དེ་བཞིན་གཤེགས་པ་རྩེ་གཅིག་ཏུ་ཡིད་ལ་བྱས་ལ། བཅོམ་ལྡན་འདས་ལ་སྤོས་དང་། མེ་ཏོག་དང་། མར་མེ་དང་། བདུག་སྤོས་ཀྱིས་མཆོད་ན་སངས་རྒྱས་བཅོམ་ལྡན
160b3 འདས་པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་ཀྱང་སྟོན་པ་བཅཝོ་ལྔ་མཐོང་བར་འགྱུར་རོ། ། གཟུངས་རབ་ཏུ་ཐོབ་པར་འགྱུར། དྲན་པ་དང་ལྡན་པར་འགྱུར། བློ་གྲོས་དང་ལྡན་པར་འགྱུར། རྟོགས
160b4 བ་དང་ལྡན་པར་འགྱུར། བློ་དང་ལྡན་པར་འགྱུར། ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ། ཚེ་རབས་དྲན་པར་འགྱུར་རོ།། ཐོས་པ་ཐམས་ཅད་དང་། བསྟན་བཅོས་ཐམས་ཅད་དང་། བཟོ་ཐམས་ཅད་དང
160b5 ལས་ཐམས་ཅད་རབ་ཏུ་ཤེས་པར་འགྱུར། ཏིང་ངེ་འཛིན་ཐམས་ཅད་ཀྱང་དེའི་སེམས་ལས་རྣམ་པར་དག་པར་འགྱུར་ཏེ། འཕགས་པའི་བདེན་པ་བཞིནི་མི་གཏོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི
160b6 ཟག་པ་མེད་པར་གཏོགས་པའི་ཕྱིར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་དང་། བྱང་ཆུབ་སེམས་དཔའ་དེ་དག
160b7 དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལཱ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་མེ་ཏོག་བརྩེགས་པ་ཞེས
160b8 བྱ་བའི་གཟུངས་རྫོགས་སྷོ། ། རྒྱག་ག་དུ། ཨཱ་རྱམ་དྷམདེན་ད་དཱ་མ་དྷ་ནྡེ། བད་སྐད་དུ། འཕགས་པསའི་དབང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང། བྱང་ཆུབ་སེམས་དཔ་མས་པ་མ་རྐྱེན




iiif viewer powered by OpenSeadragon

160a - 161a

Texts on this page

Q511 - 'phags pa me tog brtsegs pa zhes bya ba'i gzungs
Q512 - 'phags pa sa'i dbang po chen po zhes bya ba'i gzungs