| | e-texts navigator
|
62a1 བའི་གཟུངས་རྫོགས་སྷོ། ། །། རྒྱགར་གྱི་མཁན་པོ་འཛིན་མེརྗེ་དང་། དྲན་ཤཱི་ལ་དང་། བོད་ཀྱི་ལོ་ཙྪབ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
62a2 ནྱ་གར་སྐད་དུ། སཨཱརྱ་མ་ཧཱ་བཛྲ་མ་རུ་ཤི་བ་ཀྲ་རྦཱ་མཱར་དྷཱ་ཎཱི། བོད་གད་དུ། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུང་ས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ
62a3 ལོ། ། འདི་སྐད་བདག་གིས་ཐོས་པར་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སའི་གནས་རྡོ་རྗེ་ཆེན་པོའི་དཔག་བསམ་གྱི་ཤིང་ལྗོན་པས་ལེགས
62a4 པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེའི་པད་མའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོ་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ།
62a5 ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེ་ཆེན་པོའི་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང་། ཆོ་འཕྲུལ་ཅན། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས
62a6 བརླབས་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག
62a7 གིས་ཐོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་རྣམ་པར་འཕྲུལ་པ་དང
62a8 འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་སྙན་ཅིང་རྒྱ་ཆེལ་ཟབ་པ།།
iiif viewer powered by OpenSeadragon
61b - 62b