e-texts navigator
Collection
Volume
Page
Wylie

32a1 ཡིན་གྱི་དབང་པོ་གཞན་ལེན་གྱིས་རྗེ་བཙུན་འཕགས་པ་ཕྱག་ན་རྡོ་རྗེ་རབ་ཏུ་དགྱེས་པའི་དོན་དུ་ས་འོག་གསང་བ་ཆེན་པོ་སྨྲས་པའོ། ། སྔགས་དང་སྦྱིན་བསྲེག་རྣམ་པར་སྤང་ངོ་།། ས་འོག་གི་གསང་བ་ཆེན་པོ་ཡོངས
32a2 སུ་རྫོགས་སྷོ། ། །། འཕགས་པ་ཕྱག་ན་རྡོ་རྗེ་ཡི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེས་འོག་ཅེས་བྱ་བ་ཇི་སྙེད་པ་ཡོངས་སུ་རྫོགས་སྷོ།། །། རྒྱ་གར་གྱི་བཎ་ཌི་ཏ་བརྡའ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ
32a3 ཞེས་བྱ་བ་དང་། སྒྲ་སྦྱར་གྱི་མཁས་པ་སྒྲའི་གཙུག་ལག་ལ་མ་རྨོངས་པ། གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལས་སྱའི་དབེན་གནས་དམ་པར་བསྒྱུར།། ། ལྷ་མིན་དབང་པོའོ།།
32a4 གླེགས་འཇོམ་བྱེད་པ།། གསུང་རབ་དམ་པ་དཔལ་ལྡན་ཀུན་དགའ་ཡི།། རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ།། གང་ལགས་དེ་ལ་མཁས་རྣམས་བཟོད་པ་མཛོད།། ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར
32a5 གསང་བདག་རྡོ་རྗེ་འཛིན་པ་དམ་པའི་བཀའ། ། གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས།། བསྐུར་བའི་བསོད་ནམས་འཛིན་བཅས་རྣམས་ལ་བྱིན།། ། རྒྱ་གར་སྐད་དུ། བྷཱུ་ཏ་ཌཱ་མ་ར་མ་ཧཱ་ཏན་ཏྲ་རཱ་ཛཱ་ནཱ་མ
32a6 བོད་སྐད་དུ། འཔུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དེ་ནས་འདིར་ནི་བཤད་བྱ་བ།། འབྱུང་པོ་འདུལ་བའི་རྒྱུད་ཆེན་ལ།། འབྱུང་བ་འབྱུང་མོ་ཀུན་བསྒྲུབ་པའི།
32a7 ཆོག་རབ་ཏུ་རྒྱས་པའོ།། རྡོ་རྗེ་འཆང་ཆེན་པོ་འཇིག་རྟེན་གསུཾ་གྱི་བདག་པོས་འདི་སྐད་ཅེས་གསུངས་སོ།། ཆུ་བོའི་འགྲམ་དང་། དུར་ཁྲོད་དང་ཤིང་གཅིག་པ་དང་། ལྷ་གནས་པའི་ཁང་པ་དང་དཔལ་རྡོ་རྗེ་འཆང་གི་ཁྱིམ་དང་།
32a8 རིགས་ཀྱི་གནས་རྣམས་སུ་བསྒྲུབ་པར་བྱ་སྟེ། སྐད་ཅིག་ཉིད་ཀྱིས་འགྲུབ་པར་འགྱུར་རོ།། གལ་ཏེ་མ་གྲུབ་ན་འབྱུང་པོ་དང་འབྱུང་མོ་རིགས་དང་རྒྱུད་དུ་བཅས་པ་མ་ལུས་པ་བུང་བར་འགྱུར་རོ།། དེ་ནས་དབང་ཕྱུག་ཆེན་པོའི




iiif viewer powered by OpenSeadragon

31b - 32b

Texts on this page

Q403 - 'phags pa rdo rje sa 'og gi rgyud kyi rgyal po zhes bya ba
Q404 - 'byung po 'dul ba zhes bya ba'i rgyud kyi rgyal po chen po