| | e-texts navigator
|
321a1 ཤིང་གཞན་དོན་རྟག་ཏུ་ལྷུར་ལེན་ཅིང་། ། འདོད་པའི་ཡོན་ཏན་ལྔ་ལ་ལྟ་བརྒྱད་བསྲིངས་ཏེ།། དད་དང་བརྩོན་འགྲུས་ལྷུར་ལེན་གྲགས་མཆོག་བྱང་ཆུབ་སེམས།། བཀྲ་ཤིས
321a2 དམ་པ་དེས་ཀྱང་དང་འདིར་བདེ་ལེགས་ཤོག། སྐྱེ་འགག་མེད་ཅིང་རྟོག་པའི་འཆིང་བྱེད་མཐའ་དག་སྤངས།། མ་རིག་མུན་པ་འཇོམས་བྱེད་སྟོང་ཉིད་སྒྲོན་མའི་མཆོག། དམིགས་པ་སྣ་ཚོགས
321a3 སྤངས་པ་ལམ་གྱི་བདེ་སྒྲུབ་ཆོས། ། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སྷོ།།
321a4 རིགས་གསུམ་གྱི་བཀྲ་ཤིས།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཡོན་ཏན་རྒྱས་པའི་རྟགས་སུ་སྐུ་མདོག་ཟླ་བའི་གསེར་འདྲ་བ།། ཤེས་རབ་རྟག་སུ་རལ་གྲི་པོ་ཏི་ཕྱག་ན་བསྣམས།
321a5 འཕགས་པ་འཇམ་དཔལ་གཞོན་ནུའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དམ་པ་དེས་ཀྱང་དིང་འདིར་བདེ་ལེགས་ཤོག། ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད་ཆགས་པ།། སྐྱོན་གྱི་ས་མ་གོས
321a6 ཕྱག་མཚན་ཕྱག་ན་པད་མ་བསྣམས། ། འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དམ་པ་དེས་ཀྱང་དིང་འདིར་བདེ་ལེགས་ཤོག། ཆོས་ཉིད་མི་འགྱུར་རྟགས་སུ
321a7 སུ་མདོག་མཐིང་ནག་སྔོ། ། ཐབས་དང་ཤེས་རབ་གཉིས་མེད་ཕྱག་ན་རྡོ་རྗེ་བསྣམས།། འཕགས་པ་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ
321a8 ལེགས་ཤོག། རིགས་གསུམ་གྱི་བཀྲ་ཤིས་རྫོགས་སྷོ།། ། རྒྱ་གར་སྐད་། མ~ཾག་ལ་གཱནྡྷ། བོད་སྐད་དུ། @ཀྲ
iiif viewer powered by OpenSeadragon
320b - 321b