| | e-texts navigator
|
316a1 གང་ཡང་སྡིག་པར་མཐུར་ཅིག། བྱུང་པོ་གང་དག་འདིར་ནི་ལྷགས་ཀྱུ་རྩིག། ས་དང་པར་སྣང་དག་ལ་གནས་པ་རྣམས།། སྐྱེ་དཀུ་རྣམས་ལ་རྟག་ཏུ་བྱམས་བྱེད་གོག། ཉིན་དང་མཚན་ཆོས་ཀྱང་སྟོད་གྱུར་ག། འཕགས་པ་ཡངས་པནི།
316a2 གྲོ་བྱེར་དུ་འཇུག་པའི་མདོ་ལས། འབྲང་བའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། སྭ་སྟི་གཱ་ཏཱ། བོད་སྐད་དུ། བདེ་ལེགས་ཀྱི་ཚོགས་སུ་བཅད་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ལྷ་ཅིག་ཉེ་བར་སོང་ནས
316a3 སུ། ལྷས་མཆོད་པ་ལ་ཞུས་བྱས་ཏེ། སངས་རྒྱས་ཆེན་པོ་ཐུབ་པ་ཆེ།། ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར།། དེས་ནི་ཚིག་རྣམས་གསན་གྱུར་ནས།། འཇིག་རྟེན་རྩ་ལག་བཀའ་སྩལ་པ།། གང་ཞིག་རྟག་ཏུ་བརྗོད་བྱེད་པ།། ང་ཡི་བདེ་ལེགས་འགྱུར
316a4 ཏེ་ཉོན། ། འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ན།། རིན་ཆེན་རྒྱ་ཆེན་མཆོག་ནི་གང་ཡོད་པ།། དེས་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ།། ཅིས་ཀྱང་གྲངས་དང་བསྐྲད་དང་ཆར་མི་ཕོད།། ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས
316a5 རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཞི་འགོག་བདུད་རྩི་ཤིན་དུ་གྱ་ནོམ་གང་།། ཤཱཀྱ་ཐུབ་པས་མཉམ་བཞག་ཐུགས་ཆུད་པ།། ཆོས་དེ་དང་ནི་མཚུངས་པ་ཡོད་མིན
316a6 ཏེ། དེ་སྔོན་བྱས་ན་ཕྱིན་ཆད་མྱ་ངན་མེད།། ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ།། དམ་ཚེ་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་དུ་བདེ་ལེགས་ཤོག། རྒྱལ་བ་གང་དག་གང་ཟག་བརྒྱད་གསུངས
316a7 པ། དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ།། སྦྱིན་གནས་དེ་དགས་སྟེང་ཤིན་དུ་དཀོན།། དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར།། ངོ་མཚར་ཤིན་དུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི
316a8 འདི་བཞིན་བདེན་མཆོག་ན། ། དེན་པ་འདིས་ནི་ཤིན་དུ་བདེ་ལོགས་ཤོག། དམ་པ་གཙོ་བོ་མཆོག་སྦྱིན་མ་ནོམ་པ།། འོད་མཆོག་དཔའ་བོ་དམ་པ་མཆོག་གི་གནས།། ཤེས་རབ་དམ་པ་མཆོག་གི་དམ་པ་མཆོག། མཆོག་ཆེན
iiif viewer powered by OpenSeadragon
315b - 316b