| | e-texts navigator
|
288a1 གཤེགས་པ་རྣམས་ཆོས་སྟོན་པ་མཐོང་བར་འགྱུར་རོ། ། རིག་སྔགས་རྣམས་ཀྱང་ཡང་དག་པར་གྲུབ་པར་འགྱུར་རོ།། རྡོ་རྗེ་འཆང་གིས་ཡོངས་སུ་བཟུང་བར་ཡང་འགྱུར་རོ།། ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་རྣམས
288a2 སུ་ཡང་སྐྱེ་བར་འགྱུར་རོ། ། འཕགས་པ་དགོངས་པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས་ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ
288a3 པོ་རྫོགས་སོ། ། ། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང་། ལོ་ཙྪབ་བན་དེ་དཔལ་འབྱོར་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱ་ཀར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྐུར་ཅིང་ཞུས་ཧགཏན་ལ་ཕབ་པ།།
288a4 རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་བ་རི་ནཱ་མ་ན་རཱ་ཛ་བ་མན་ཏྲ་ཀ། བོད་སྐད་དུ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་ཆེན་པོ་སྔགས་དང་བཅས་པ།། བམ་པོ་དང་གོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
288a5 ཟུག་འ་ལའོ། ། ཡོ་ཏན་རྒྱ་མཚོ་བུག་མེད་པ། ས་རྒྱས་དམ་ཆོས་འབགས་པ་ཡི། དགེ་འདུན་དུས་གཟུཔ་བཞུགས་པ་རྣམ་པ། ས་ལུམ་པ་ལ་རྒྱབས་སུམ་ས། མ་ཐམས་ཅད་ལགགས་པར་ར། འགྲོ་བའི་དགེལ
288a6 རྗེས་ཡིད་རང་། ཆོས་ཀྱི་འཁོར་ལོ་རབ་བསྐོར་བར།། རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ།། ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི།། བདག་དགེ་ཆུང་ངུ་གང་མཆིས་པ།། དེས་ནི་གཏན་དུ་བྲལ་བ་དག། ཐམས་ཅད་ཉེ་བར་ཞི་གྱུར་ཅིག
288a7 རྣམ་པ་ཀུན་མཆོག་ལྡན་པ་འི། ། སྟོང་པ་ཤེས་པའི་ཏིང་ངེ་འཛིན། བྱང་ཆུབ་པར་གྱི་ཚེ་རབས་སུ།། རྟག་ཏུ་བདེ་དང་ལྡན་པར་ཤོག། རྣམ་པར་མི་རྟོག་ལྷུན་གྱིས་ཟུག་རྟག་ཏུ་མཉམ་པར་གཞག་གྱུར་ཅིང་།། བྷ་ཉི་ནོར་བུ་རོལ་མོ་ལྟར། ཁེམ
288a8 ཅན་དོན་ལ་འཇུག་པར་ཤོག། ཇི་ལྟར་རྒྱལ་བ་མཁས་པ་རྣམས།། ཤེས་རབ་ཕ་རོལ་ཕྱིན་ཐབས་པསྔོ།། དེ་ལྟར་བདག་གིས་དཀར་པོ་རྣམས།། བྱང་ཆུབ་ཏུ་ནི་བསྔོ་བར་བགྱི།། དཀོན་མཆོག་གསུམ་ལ་དམིགས་པ་ཡི།། བདག་གི་ལུས་དག
iiif viewer powered by OpenSeadragon
287b - 288b