e-texts navigator
Collection
Volume
Page
Wylie

88b1 པ་གཞན་ཡང་རུང་སྟེ། གང་གིས་ཤེས་པ་དང་། གང་ལ་ལའ་དང་བ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེ་ནི་དབུལ་བོར་ཏེ་ཕྱུག་པོར་འགྱུར་རོ།། དེ་ནས་འབྱུང་པོའི་ཆགས་ཐམས་ཅད་ཀྱིས་དེ་ལྟར་གྲཝར་ཅིག་ཅེས་ཀུན
88b2 ནས་གསོལ་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་པོའི་མཚན་བཅུ་གཉིས་པོ་བཀའ་སྩལ་པ་འདི་ལྟ་སྟེ། དཔལ་ལྡན་མ། བཀྲ་ཤི་ཀ་མ། པད་མའི་ཕྲེང་བ་ཅན། ནོར་གྱི་བདག་མོ།། དཀར་མོ། གྲགས་པ་ཅན་པ།
88b3 པད་མའི་སྨན། བྱེད་པ་མེ་འོད་ཆེན་མོ།། ཟས་སྦྱིན་མ། རིན་པོ་ཆེ་རབ་ཏུ་སྦྱིན་མ། དཔལ་ཆེན་མོ།། སྐད་ཡ་ཐེ་དན། ཛི་ན། གྷྲི་ནི་སརྦ་ཨརྠ་སཱ་དྷ་ནི། ཤ་ཤི་ནི། ཨ་ལ་ཀྵཱི་ནི། མེན་ཤ་ས་ཡིད་དྷ་ན་དུ་མན་ཏྲ་བ་དག་སྭཱ་ཧཱ། ཨོཾ་བྲྀ་ཀུ
88b4 ཊཱི་བ་ར་མ་སུཾ་བྷ་ག་སྭཱ་ཧཱ། ལན་གསུམ་དུ་བརྗོད་པར་བྱ་སྟེ། གང་ལ་ལ་དུས་གསུམ་དུ་འདོན་པ་དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇིག་པར་འགྱུར་རོ།། སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ།། འབྱོར་བཟང་མི་ཤེས
88b5 པར་འགྱུར་རོ། ། མི་དང་ཕྲད་དུ་འགྲོ་བའི་ཚེ་ཀླགས་ནས་ཕྲད་པར་བྱས་ན་མི་དེས་དེ་ལ་བའི་འདུ་ཤེས་སྐྱེད་པར་འགྱུར་ཏེ་དགའ་བར་འགྱུར་ལ་ཇི་སྐད་བསྒོ་བ་བཞིན་བྱེད་དོ།། རྟག་ཏུ་རྐུན་མི་འཆད་པར་ཀླགས་ན་ཚངས་པ
88b6 དང་བྲམ་ཟེས་དྲག་ཤུལ་གྱི་ལས་བྱས་ཀྱང་མི་ཚུགས་པར་འགྱུར་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བྲལ་ནས། བྱང་ཆུབ་སེམས་དཔའ་འཕགས
88b7 པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཔལ་ཆེན་མོའི་མེད།། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན
88b8 ལ་ནུབ་བ་ན་དེ་ཡེ་ཤེས་སྡེས་བསར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། །། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་ནངས་གཟིགས་དབ་ལྟ་ཕྱག




iiif viewer powered by OpenSeadragon

88a - 89a

Texts on this page

Q399 - 'phags pa dpal chen mo'i mdo
Q400 - dpal gyi lha mo mtshan bcu gnyis pa