| | e-texts navigator
|
58a1 ས་ན་ནག་ཀུན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། ། གཞན་དུ་མི་སེམས་པའི་ཡིད་ཀྱིས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག
58a2 གི་མ་རིག་པ་ཆེན་མ་བདག་ཉིད་དོན་ཏེ། འཕགས་པ་འོད་དཔག་མེད་ཀྱང་མཐོང་ངོ་།། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། སྐྱེ་བ་དྲན་པ་དང་ཐོས་པ་འཛིན་པར་འགྱུར་རོ།། གང་དང་གང་དུ་སྐྱེ་བ་དེ་དང་དེར་དང
58a3 པའི་ཆོས་དང་མི་འབྲལ་བར་འགྱུར་རོ། ། ལོངས་སྤྱོད་ཆེན་པོར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག
58a4 དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྙན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོག་སྟེ།།
58a5 རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།། རྒྱ་གར་སད་དུ། སརྦ་ཏ་ཐཱ་ག་ཏ་མི་ཏ་ནི་ཏཱ་རེ་བི་ཤྲ་ཀར་མ་བྷ་བ་ཏན་ཏྲ་ནཱ་མ། བོད་སྐད་དུ།
58a6 བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འདི་ས་ད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན
58a7 བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཀུ་རུ་ཀུལླེ་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པ་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དཔག་ཏུ་མེད་པ་དག་གིས་ལྷ
58a8 རྫས་ཀྱི་མེ་ཏོག་པད་མ་དང་ཀུ་མུ་ཏ་དང་། མན་དཱ་ར་བ་ལ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པ་དག་དང་དུང་དང་བི་དབང་དང་རྔ་དང་རྫ་རྔ་དང་དགུ་པོ་རྒྱུད་མངས་ལ་སོགས་པ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང་ལྷའི་གདུགས
iiif viewer powered by OpenSeadragon
57b - 58b