e-texts navigator
Collection
Volume
Page
Wylie

48a1 ཡིད་ཀྱི་སྤྱོད་པ་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་རྟག་པར་རྒྱུན་ཏུ་ཏིང་ངེ་འཛིན་གྱི་སྟོབས་དང་། དབང་བསྐུར་བའི་སྟོབས་དང་། ས་དད་ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་། ཡེ་ཤེས་ཁྱད་པར
48a2 ཅན་གྱི་སྟོབས་བསླབ་པར་མཛད་དོ། ། གནམ་ལ་གྱེན་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆར་འབབ་བོ།། ས་ལ་བལྟས་ཏེ་བཟླས་བརྗོད་བྱས་ན་ལེ་ཏོག་ཐམས་ཅད་ལེགས་པར་འགྱུར་རོ།། འབབ་ཆུ་དང་། མཆེའུ་དང་། རྫིང་བུའི
48a3 ཤུལ་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཆུ་བ་བྱུང་བར་འགྱུར་རོ། ། ནད་ཐམས་ཅད་ལ་ལག་པས་བྱ་བ་ཅིང་བཟླས་བརྗོད་བྱས་ན་སོས་པར་འགྱུར་རོ།། དྲན་པ་ཉམས་པའི་མདུན་དུ་བཟླས་བརྗོད་བྱས་ན་དྲན་པ་རྙེད་པར་འགྱུར་རོ།།
48a4 བཀྲེས་པ་དང་སྐོམ་པའི་གདོང་དུ་བལྟས་ཏེ་བཟླས་བརྗོད་བྱས་ན་ཕྱིར་བར་འགྱུར་རོ།། མི་དས་ཆེན་པོ་བྱུད་ན་རས་ལ་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ན་དཔག་ཚད་ཚུན་ཆད་མཚམས་གཅོད་པ་དང་། བསྲུང་བ།
48a5 བྱས་པར་འགྱུར་རོ།། འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་པྲཛྙཱ་པར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བ་ན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཟབ་པ།
48a6 རྒྱ་གར་སྐད་དུ། སི་དང་ངན་ཏྲ་ནཱ་མ། བོད་སྐད་དུ། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པ་དམ་གསུང་གི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པད་མ
48a7 དབང་ཕྱུགརྫོགས་སོ། ། དེནཔ་གསང་པའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལས་རྣམས་ཇི་ལྟར
48a8 ཨོཾ་མ་། སེམས་ཅནན་ལ་སྲིང་བརྩེ་བའི་མཆོག་སྤྱན་རས་གཟིགས་ས་དགེ་སྒྲ་ཞེས་བྱ་བ་ཡོད་དེ།། དེ་ལས་སྔོན་ལམ་སྦྱང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡིད་ལ་བྱས་སོ།། དེ་ནས།




iiif viewer powered by OpenSeadragon

47b - 48b

Texts on this page

Q384 - 'phags pa lus kyi dbyibs mdzes pa zhes bya ba'i gzungs
Q385 - seng ge sgra'i rgyud ces bya ba