e-texts navigator
Collection
Volume
Page
Wylie

43a1 དེ་ན་གནས་པའི་སེམས་ཅན་དེ་དང་དེ་དག་གི་ལུས་དཀྲུས་པའི་ཆུས་ལུས་ལ་རེག་པར་གྱུར་ན་སྡིག་པའི་ལས་དང་། ཁ་ན་མ་ཐོ་བའི་ལྕི་བ་ཐམས་ཅད་ཡོངས་སུ་བྱེད་ནས་ཞིང་ཡོངས་སུ་དག་པ་གཞན་དག
43a2 དུ་པད་མ་ལ་རྫས་ཏེ་སྐྱེ་བར་འགྱུར་བས་མངལ་དང་། དྲོད་གཤེར་དང་། སྒོ་རང་ལས་སྐྱེས་པའི་ལུས་ལེན་པར་མི་འགྱུར་ན། ཁ་ཏོན་དུ་འདོན་པ་དང་འཆང་བ་ལ་ལྟ་སྨོས་ཀྱང་ཅི་དགོས། གཟུངས་འདི་འདོན་ཅིང་ཡོངས་སུ
43a3 འཛིན་པ་དེ་དག་ལམ་དུ་ཞུགས་ནས་འགྲོ་བའི་ཚེ་རླུང་ཆེན་པོ་ལངས་ཏེ་གང་ཟག་དེའི་ལུས་དང་། སྤ་དང་སྐྲ་དང་གོས་ལ་བུས་པའི་རླུ་གང་ཡིན་པ་དེའི་ཕྱོགས་སུ་སོང་བའི་སེམས་ཅན་གཞན་གྱི་ལུས་ལ་རེག་པར་གྱུར་ན། དེ་དག
43a4 གི་སྒྲིབ་པ་དང་། སྡིག་པའི་ལས་ལྕི་བ་ཐམས་ཅད་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་བས་ངན་འགྲོ་གསུམ་པོ་དག་གི་རྣམ་པར་སྨིན་པ་མྱོང་བར་མི་འགྱུར་ཞིང་རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་བ
43a5 ན་འདོན་པ་དང་། ཡོངས་སུ་འཛིན་པ་དེ་དག་གིས་ཐོབ་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ
43a6 ཞེས་བྱ་བའི་མདོ་ལས་བརྔས་པ་རྫོགས་སྷོ། ། །། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱ་བ་ལེ་ཀེ་ཏེ་ཤྭ་ར་ནཱ་མ་ཤ་ཏ་ཨཥྚ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང
43a7 སྡིག་གི་མཚན་བརྒྱ་རྩ་བརྒྱད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྨན་རས་གཟིགས་དབང
43a8 པྲཱག་པོ་བྲང་རི་བོ་ཏ་ལའི་རྩེ་མོ་ན། མེ་ཏོག་དྲི་ཞིས་པོ་སྣ་ཚོགས་ཀྱིས་དཀྲམ་པ། འཛམ་བུའི་གླིང་གསེར་གྱི་ཁ་དོག་འདྲ་བ་ན། རིན་པོ་ཆེ་སྣ་ཚོགས་ཀྱིས་ཀུན་དུ་འབར་བའི་ས་ཕྱོགས་དེ་ཟུགས་ཏེ། དེན་ལྔ་དང་ཀྵ




iiif viewer powered by OpenSeadragon

42b - 43b

Texts on this page

Q380 - 'phags pa spyan ras gzigs dbang phyug thugs rje chen po'i gzungs phan yon mdor bsdus pa zhes bya ba
Q381 - 'phags pa spyan ras gzigs dbang phyug gi mtshan brgya rtsa brgyad pa