e-texts navigator
Collection
Volume
Page
Wylie

29a1 ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྐུ་དེ་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྱུར་ཏོ།། དེ་ནས་ལྷ་ཡི་བུས་གསོལ་པ། འདི་ཡི་ཕན་ཡོད
29a2 ཅི་ཡིན་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་ཞིག་རྒྱུད་འདི་ཡིད་བྱེད་ན།། ནད་དང་གདོན་དང་རིམས་དང་ནི།། རྒྱལ་པོ་གཅན་གཟན་འཇིགས་པ་དང་།། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།།
29a3 འདོད་ཆགས་ཞེ་སྡང་གཏི་མུག་དང་། མཚམས་མེད་མི་དགེའི་སྡིག་པ་ཀུན།། རབ་ཏུ་ཞི་བར་བྱེད་པར་འགྱུར།། དམྱལ་བ་ངན་སོང་སྡུག་བསྔལ་དང་།། མི་ཁོམ་བརྒྱད་ལས་རྣམ་གྲོལ་ཏེ།། ཉན་དང་འཆང་དང་བསྒོམ་པ
29a4 འགྱུར། ། དྲི་མེད་ནམ་མཁའི་དཀྱིལ་འཁོར་ལྟ་བུའི།། བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།། ཞེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག
29a5 སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབསལ་བཏུད་ནས་ལེགས་སོ་ལེགས་སོ་ཞེས་བྱ་བ་གསུངས་ནས་སྟན་ལ་འཁོད་དོ།། བྱང་ཆུབ་སེམས་དཔའ་འབུམ་ཕྲག་ལྔ་སྟོང་དང་ལྷ་དང་མི་དང་ལྷ་མ་ཡིན་ད
29a6 བཅས་པའི་འཇིག་རྟེད་ཡིད་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། པད་མཆོད་པན་ཞེས་བྱ་བའི་སླད་ལའུ་བཅུ་གཅིག་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པ།། པ་ཎ་ཎིཏ་དྷ་མ་ཤཱ
29a7 བླདག་ཟད་ཀྱི་ལ་རྒྱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། ། རྒྱ་གར་སྐད་དུ། ལོ་ཀ་ཤྲ་ཀལ་པ། ཁོད་སྐད་དུ། འཇིག་ཅ་དབང་ཕྲག་གི་རྟོག་པ། བཅོམ་ལྡན་འདས
29a8 བསྤྱར་རས་གཟིགས་དབང་ཕྱུག་ལ་ཕྱགའ་ལ་ལ། ། སངས་རྒྱས་ལ་ཕྱག་འཚལ་ལོ།། ས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། འཇིག་ཏན་མག་བའི་རྟོག་པ་འོ།། ཡང་བ




iiif viewer powered by OpenSeadragon

28b - 29b

Texts on this page

Q375 - pad+ma cod pan zhes bya ba'i rgyud
Q376 - 'jig rten dbang phyug gi rtog pa