e-texts navigator
Collection
Volume
Page
Wylie

21b1 པས། ལེགས་པའི་དངོས་པོ་རྣམས་ཐལ་ཆེན་སྨོན་པ་ཡིད་བཞིན་དུ་གྲུབ་པར་མགུར་ཏམ་བཀྲ་མེ་ཤིས་པའི་དངོས་པོ་དག་དུས་དུས་སུ་རྒྱུ་མ་མཆིས་པར་ལངས་པར་གྱུར་ན་སྦོམ་ཆབ་ཀྱིས་གཟུགས་བགྱིས་པདེ་བཀྲ་བར་བབྱེའོ།།
21b2 གཞན་ཆབ་ལ་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་སྟེ་བི་ན་ཡ་ཀའི་གཟུགས་བཀྲུ་བར་བགྱིའོ།། གཞན་ཡང་ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་རང་ཉིད་ཀྱི་ལུས་ལ་གཏོར་ན། སྒྲིབ་པ་དང་ཐགགས་ཐམྲ།
21b3 ཅད་རང་གི་ངང་གིས་ཞུ་བྱེད་ནས། སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་སྨྲས་པ་དང་། འཁོར་མ
21b4 པོ་ཐམས་ཅད་ཀྱིས་མཐུན་པར་སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ། ། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་ཕྱིར་རིག་སྔགས་འདི་སྨྲས་པས། བདག་ཅག་ཀྱང་རྗེས་སུ་ཡི་རང་ཞིང་ཡོངས་སུ་འཛིན་པར་སྨོན
21b5 ཏོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། ། དེ་ནས་འཁོར་མང་པོ་ཐམས་ཅད་དགའ་མགུར་ངས་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱག་བྱས་ཏེ་དགྱེས་པར་གྱུར་ཏེ།། འཕགས་པ་སྤྱན་རས་གཟིགས
21b6 དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། །། ཞུ་ཆེན་གྱི་མཁན་པོ།། ལོ་ཙྪ་བ་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་སྒྱུར་ཅིང་གཏན་ཕབ་པ།
21b7 རྒྱ་གར་སྐད་དུ། པད་མ་མུ་ཀུཊ་ཏན་ཏྲ་ནཱ་མ། བོད་སྐད་དུ། པད་མ་ཅོད་པན་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན
21b8 འདས་ལྷའི་གཞལ་མེད་ཁང་ན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྒོ་ཀུན




iiif viewer powered by OpenSeadragon

21a - 22a

Texts on this page

Q374 - 'phags pa zhal bcu gcig pa'i rig sngags kyi snying po zhes bya ba'i gzungs
Q375 - pad+ma cod pan zhes bya ba'i rgyud