e-texts navigator
Collection
Volume
Page
Wylie

261a1 ལམ་ཏོག་དཀར་པོ་བཀྲམ་ཏེ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་བརྒྱད་བཞག་པར་བྱའོ།། ཉེ་བར་སྤྱོད་པ་བརྒྱད་དང་ཉེ་བར་མཁོ་བ་དྲུག་བཅུ་རྩ་བཞི་དང་།། ཁྲག་མེད་པའི་གཏོར་མ་ག་དང་བཅས་པ་བྱའོ།། ཨ་ག་རུའི་བདུག་སྨོས
261a2 བསྲེགས་ལ་རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། ། ཉིན་ཞག་གཅིག་ཏུ་བསྙུད་པར་གནས་པ་འམ་དཀར་གསུམ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་གོས་གཙང་མགྱོན་པར་གྱུར་པས་བཟླས་པ་བྱའོ།། དེ་ནས་སྐུ་གཟུགས་ཀྱི་མདུན་ཏུ་རང
261a3 ཉིད་བྱས་པ་ལྟས་ཏེད་མཐོང་བས་དགའ་བར་འགྱུར་རོ། ། ཇི་སྲིད་དུ་འཕགས་པ་སུན་ངས་གཟིགས་དབང་ཕྱུག་བྱོན་ཏེ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ།། ལྡོང་རོས་སམ་མིག་སྨན་ལ་ཡོངས་སུ་བཟླས་ཏེ་མིག་ལ་བསྐུས་ན་མི་སྣང
261a4 པབར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། ། ཡང་དག་པར་རྨོངས་པ་མེད་པའི་ཆོ་ག་ཤེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ།། བསྒྲུབ་པ་པོ་གང་འདོད་པ་དེ་འདིས་བྱེད་དོ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ
261a5 དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར
261a6 བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། བོད་ཀྱི་ལོ་ནཱ
261a7 བདགེ་སློང་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །། རྒྱ་གར་སྐད་དུ། མརྒྱ་ས་མོ་ནྱ་ཤྭ་པཱ་ར་མཱི་ཏ། ཊ་པ་རེ་པྲ་ར་ཡ་ནཱ་མ་དྷཱ་ར་ནཱི། བོདསྐད་དུ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་དུ་ཕྱིན་བ་དྲུག་ཡོངས་སུ
261a8 རྫོགས་པར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

260b - 261b

Texts on this page

Q366 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo
Q367 - 'phags pa don yod zhags pa'i pha rol tu phyin pa drug yongs su rdzogs par byed pa zhes bya ba'i gzungs