e-texts navigator
Collection
Volume
Page
Wylie

59b1 དཀྱིལ་འཁོར་བགྱིས་ཏེ། མེ་ཏོག་སིལ་མ་གཏོར་ལ་ཙན་དན་གྱི་བདུག་པས་གདུགས་ཏེ། ཟླ་བ་ཚེས་ནས་བརྩམས་ནས་ཆོས་བཅཝ་ལྔའི་བར་དུ་དུས་གསུམ་དུ་ཁྲུས་བཀྱི་ཞིང་གོས་ཀྱང་ལན་གསུམ་དུ་བརྫེས་ཏེ། ཁ་ཟས།
59b2 བསྲེག་བྱ་འཚལ་ཞིང་གསོ་སྦྱོང་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་ཟླ་བ་ཉའི་ཉིན་པར་ཞག་གཅིག་སྤྱང་བ་བགྱིས་ཏེ། རྩ་བམ་གྱི་སྟེང་ན་མཆིས་ཤིང་རྩ་བ་མ་བཏིང་བའི་སྟེང་དུ་ཉལ་ནས
59b3 སེམས་རྩེ་གཅིག་ཏུ་བཟླས་པ་བགྱིད་ཅིང་མེ་ཏོག་དྲི་ཞིམ་པོས་ལྡན་བརྒྱ་སྟོང་དུ་གཏོར་ན་གཡོ་བར་འགྱུར། ། བདག་ཉིད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། སྤྱན་རས་གཟིགས
59b4 དབང་ཕྱུག་མཐོང་བར་འགྱུར། གཟུངས་ཆེན་པོ་ཐོས་མ་ཐག་ཏུ་ཅི་འདོད་པ་དེ་ཐོབ་པར་འགྱུར།། ཐོས་པས་འཛིན་པར་ཡང་འགྱུར། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས
59b5 དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངསཏེ། བཅོམ
59b6 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ཙན་དན་གྱི་ཡན་ལག་ཅེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ
59b7 བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་བབ་བོ། ། །། རྒྱུ་གར་སྐད་དུ། ཨཱརྱ་བི་ཛ་ཡ་བ་ཏི་ནཱ་མ་པྲ་ཏྱཾ་གིར། བོད་སྐད་དུ། ཕྱིར་ཟློག་པ་འཕགས་པ
59b8 རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྲུང་བ་ལ་མངོན་པར་བརྩོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ།།




iiif viewer powered by OpenSeadragon

59a - 60a

Texts on this page

Q293 - 'phags pa tsan+dan gyi yan lag ces bya ba'i gzungs
Q294 - phyir zlog pa 'phags pa rnam par rgyal ba can zhes bya ba