e-texts navigator
Collection
Volume
Page
Wylie

58a1 རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཞྭ་ཆེན་གྱི་ལ་ཙྪ་བ་བན་དྷ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་ཙན་དན་ཨ་ག་ནཱ་མ་དྷ་རནྟི། བོད་སྐད་དུ། འཕགས་པ
58a2 ཙན་དན་གྱི་ཡན་ལག་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དགེ
58a3 སློང་གྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་བ་དང་། གཞན་ཡང་ལྷ་ཁྱད་པར་ཅན་མང་བ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གདན
58a4 བཤམས་པ་ལ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གྱིས་ལྷམ་མ། ལྷན་ནེ། ལྷ་དེར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། ཟླ་འོད
58a5 གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་འདས་པ་ན། ཙན་དན་གྱི་དཔལ་ཞེས
58a6 བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱི་ཡན་ལག་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། གང་འཇིག་རྟེན་གྱི་ཁམས
58a7 དེའི་སེམས་ཅན་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་འགྱུར་བ་ཤ་སྟག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་གྱི་ཡན་ལག་དེས་སེམས་ཅན་ཐམས་ཅད་ཀྱི
58a8 དོན་གྱི་ཕྱིར་ཙན་དན་གྱི་ཡན་ལག་ཅེས་བྱ་བའི་གཟུངས་ཀྱི་རིག་པའི་གསང་སྔགས་ཀྱི་གཞི་གསུངས་པ་འདི་ཐོས་ནས་ཕྱིར་མི་ལྡོག་པ་དེ་སྡིག་པ་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས




iiif viewer powered by OpenSeadragon

57b - 58b

Texts on this page

Q292 - 'phags pa gtsug gi nor bu zhes bya ba'i gzungs
Q293 - 'phags pa tsan+dan gyi yan lag ces bya ba'i gzungs