| | e-texts navigator
|
4a1 གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་དུ་འགེངས་པར་བགྱིད་ཅིང་བཅོམ་ལྡན་འདས་བདག་མི་དང་མེ་མ་ལགས་པ་ཐམས་ཅད་ཀྱི་གཟི་བྱིན་འཕྲོག་པར་བགྱིད་ལགས་ཏེ། དབུགས་ཆེན་པོས་སེམས་ཅན་རྣམས་པ
4a2 རིག་མ་ཐག་ཏུ་བྲོ་ནད་སྣ་ཚོགས་དག་འབྱུང་ལགས་སོ། ། བཅོམ་ལྡན་འདས་གང་ན་རེག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བགྱི་བ་འདི་སྤྱོད་པ་དེར་བདག་གི་དབུགས་ཀྱིས་མི་ཚུགས་པ་དང་། འབྱུང་པོ་རྣམས་འཚེ་བར་མི་འགྱུར་བ
4a3 དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་ཕྱག་བགྱིས་ནས། མགོ་འམ་མགུལ་དུ་བཏགས་ཏེ་འཆང་བ་དེར་རླུང་ལས་གྱུར་པ་དང་། འཁྲིས་པ་ལས་གྱུར་པ་དང་བད་ཀན
4a4 ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་བྲོ་ནད་རྣམས་འབྱུང་བར་མི་འགྱུར་བར་བདག་དང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འཚལ་ལགས་སོ།། ཏཏྨ་ཐཱ། ཌ་ར་ཌ་ར། ཌ་ཌ་ར་ཌ་ཌ་ར། ཐ་ར་ཐ་ཐར་ཐར། མར་མར
4a5 མམ་ར། མ་མ་ར། ཧུདྷུ་ཏྲཱ། ཧ་ཧ་ཧ། སར་ས་ར། ཙུ་ཙུ་ཙུ། བུ་བུ་བུ། ཀི་ལི་ཀི་ལི་ཀི་ལི། སརྦ་བྷཱུ་ཏ་ཨ་དྷི་བ་ཏི། དྲདྲ་དྲ། པྲ་ཟ་བྲ། ཁུ་ལུལླ། ཝ་བ་ཀྲ། ཡ་ས་ཡ་ས་ཡས། པཱ་ཎ་ཌ་རེ་དྷཱ་ཎ་ཌ་རེ། ཧུ་ལུ་ཧུ་ལུ། ཧཱུ་ལུ་ཧུ་ཧུ་ཧུ། བདག་ལ་སྲུངས
4a6 ཤིག་སྲུངས་ཤིག། ཙ་ལི་ཙི་ལི་ཙི་ལི། མི་ལི་མི་ལི་མེ་ལི། ཀྐོཀྐོ་ཏོ།། གོ་དགོར་གཽ་རི། བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་བྲུར་ཅིག་སྭཱ་ཧཱ། མ་ཧཱ་ཤཱ་ཡ་སཱཏྨ། མ་ཧཱརྦྷུཏ་ཨ་དྷི་པ་ཏཱ་ཡེ་སྭཱཧཱ། གོ་ར~ཾ་ཡེ་སྭཱ་ཧཱ། ཨུགྷཱ་ཡ་སཱ་ཧཱ། བདག
4a7 བདེ་ལེགས་སུ་གྱུར་ཅིག། དང་ཥཱ་ཀ་རཱ་ལ་བིང་ག་ལཱ་ཛྙཱ་བ་ཡ་ཏི་སྭཱ་ཧཱ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པེ་པྲཛྙཱ་པར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བེ་བན་དེ་ཡེ་ཤེས་སྡེས་བསྒྱུར
4a8 ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། །། རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏན་ཏྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་དབྱངས་པ་ཕྱག་འཚལ་ལོ།། དེ་ནས་འཛམ
iiif viewer powered by OpenSeadragon
3b - 4b