e-texts navigator
Collection
Volume
Page
Wylie

256a1 བའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། །། རྒྱ་གར་གྱི་མཁན་པོ་བུཎྱ་སཾ་བྷ་ཝ་དང་། ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྐུར་བའོ།། །། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོཀ་ཏེ་ཤྭ་ར་པད་མ་ཛྭ་ལ་མཱུ་ལ
256a2 ཏན་ཏྲ་རཱ་ཛ་ནཱ་མ། ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པད་མ་དྲ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ
256a3 གུས་པར་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིགན། བཅོམ་ལྡན་འདས་རིམ་ལ་ཡའི་ཚལ་ཆེན་པོ་ཙན་དན་སྡོང་པོ་དང་མྱུ་གུ་རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དང་། ཐབས་གཅིག་ཏུ་བཞུགས་ཏེ།
256a4 འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང་། ཚེ་དང་ལྡན་པ་བརླངས་པ་དང་། ཚེ་དང་ལྡན་པ་ཀུན་འགོད་གཞོན་ནུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་།
256a5 ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། པད་མ་དཀར་པོ་དང་། ཉི་འོད་དང་།
256a6 གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། པད་མའི་སྤྱན་དང་། ཡེ་ཤེས་དབང་ཕྱུག་དང་། པད་མའི་དབང་ཕྱུག་དང་། རྡོ་རྗེ་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཀུན་དུ་བཟང་པོ་དང་། སྒྲིབ་པ་རྣམ་པར་སེལ་དང་། ནམ་མཁའི་སྙིང་པོ་དང་།
256a7 བྱམས་པ་དང་། འཇམ་དཔལ་དང་། འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བློ་གློས་མི་ཟད་པ་དང་། ནམ་མཁའི་མཛོད་དང་། བློ་གློས་རྒྱ་མཚོ་དང་། མཐུ་ཆེན་པོ་ཐོབ་པ་དང་། ཟླ་འོད་དང་། དྲ་བ་ཅན་གྱི་འོད་དང་། སྤོབས
256a8 པ་བརྩེགས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང་། གཞན་ཡང་གཙོར་བྱམས་པ་ལ་གནས་པའི་དགེ་སློང་མང་པོ་དང་།།




iiif viewer powered by OpenSeadragon

255b - 256b

Texts on this page

Q363 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs
Q364 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba