e-texts navigator
Collection
Volume
Page
Wylie

238a1 བྱས་ལ་འབབ་ཆུག་ལ་ཡོད་པའི་གནས་དེར་སྦྱིན་པར་བྱའོ། ། དི་ལྟར་བྱས་ན་བྲམ་ཟེའི་དྲང་སྲོང་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བྱེ་མ་སྙེད་དག་ལྷའི་བཟའ་བ་དང་། བཏུང་བ་རྣམས་ཀྱིས་ཚིམ་པར
238a2 བྱས་པར་འགྱུར་རོ། ། བྲམ་ཟེའི་དྲང་སྲོང་དེ་དག་ཀྱང་དབང་བ་ཚིམ་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཨོཾ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱིན་པར་བྱེད་ལ། སེམས་ཅན་དེ་དག་ཀྱང་བསམ་པ་ཡོངས་སུ་དག་པར
238a3 འགྱུར་ཏེ། ། བྲམ་ཟེའི་གཟི་རྫིད་དང་ལྡན་པར་འགྱུར་རོ།། ག་ཏུ་ཚངས་པར་སྤྱོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཟག་འབུམ་གྱི་བྱེམ་སྙེད་དག་གི་དགེ་བའི་རྩ་བ་དང་ལྡན་པར་ཡང་འགྱུར་རོ།།
238a4 རྟག་དུ་དགྲ་ཐམས་ཅད་ཤིགས་པར་འགྱུར་རོ།། མེ་ཏོག་གམ། བདུག་པའམ། སྤོས་སམ། ཟས་དང་། སྐོམ་གྱི་ཡོ་བྱད་ལ་ལན་ཉི་ཤུནྡ་གཅིག་བཟླས་བརྗོད་བྱས་ལ། སངས་ཀྱིས་དང་། ཆོས་དང་། དགེ་འདུན་ལ་དབུལ་བར་བྱའོ།། དེ་ལྟར
238a5 བྱས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་སྙེན་མ་དེས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་དང་། ཆོས་དང་། དགེ་འདུན
238a6 ལལྷའི་མཆོད་པ་དང་། དེ་བཞིན་གཤེགས་པའི་མཆོད་པའི་མཆོག་གིས་མཆོད་པ་བྱས་པར་འགྱུར་རོ།། བླ་མར་བྱས། རི་མོར་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་ལུང་བསྟན་པ་དང་། ལྷ
238a7 ཐམས་ཅད་ཀྱིས་ཀུན་དུ་བསྲུང་བར་ཡང་འགྱུར་རོ། ། ཀུན་དགའ་བོ་སོང་ལ་ངོ་ལོན་ཡང་གྱིས་ཤིག། སེམས་ཅན་ཐམས་ཅད་ལ་ཡང་ཡང་དག་པར་སྟོན་ཅིག། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱང་གྱིས་ཤིག་ཅེས་ང་སྨྲའོ།།
238a8 དགས་མོ་ཁ་འ་བར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྫོགས་སྷོ།། ། རྟག་ད་དུ་། ཁྱེད་མུལ་ཎ་ཨཱི་པཱ་ཡ་ཤ་མཱ.ཱ་ནཱ་མཱ་རྦཱ་གི་ཤོག་དུ་ཡི་དགས་ནས་མེ་ཆུ་མ་ནེས་པའི་རླུ་། ཆོས་མནན་དས་ཡུལ་སེར་སྐྱན་དགེ་འདུན་གྱི་གནས་ན། དགེ




iiif viewer powered by OpenSeadragon

237b - 238b

Texts on this page

Q355 - yi dwags mo kha 'bar ma dbugs dbyung ba'i gtor ma'i cho ga
Q356 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs