e-texts navigator
Collection
Volume
Page
Wylie

200a1 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ཀླུའི་རྒྱལ་པོ་གཟི་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀླུའི་རྒྱལ་པོ་ལེགསོ་ལེགས་སོ།། འདི་ལྟ་བུར་ཁྱོད་འ་ཁྱབ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས
200a2 ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཕྱིར་དྲུག་དང་སྨན་ཆེན་པོ་བཅཝ་བརྒྱད་པོ་འདི་དག་གི་མིང་ཟུང་ཤིག། ཏདྱ་ཡ་ཐཱ། པ་ཎ་ཌ་རེ། ཀ་ར་ཊེ། ཀེ་ཡཱུ་རེ། བོ་བྷྱ་ག་མ་ཏེ། བིན་དུ་མ་ཏེ་ཨ་ར་ཎ་ཏ་ར་ཌ། ཏ་རུ་ཌ། ད་ཧ་ད་ཧ་ན་ཨེ་ཏ་ད་ཧ
200a3 ཛེརྡོ་ལེ་ཛེ་ལ། པ་ལཱ། ཤ་ཏཱ་ཤ་ཏ། ཀུ་ལེན་ཀུ་ལི། ཨེ་ཀར་ཥི་ཏི་རང་ག་པྲིཥྚི། དགེ་སློང་དག་སུ་ཞིག་དུག་དང་། སྨན་ཆེན་པོ་བཅཝ་བརྒྱད་པོ་འདི་དག་གི་མིང་འཛིན་པ་དེའི་ལུས་ལ་རིམས་ཀྱིས་མི་ཚུགས། དུག་དང་། མཚོན་དང་། བྱད་དང་།
200a4 ལངས་དང་ད། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པས་མི་ཚུགས་དེ་ལ་རིང་པོ་དག་འཚེ་བར་མི་འགྱུར་རོ།། སུ་ཞིག་འདི་དག་འཛིན་པ་དེ་ཇི་སྲིད་འཚོའི་བར་དུ་བསྲུང་བ་བྱས་པར་འགྱུར་རོ།། བཅོམ་ལྡན
200a5 འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཀླུའི་རྒྱལ་པོ་གཟི་ཅན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།
200a6 རྒྱ་གར་སྐད་དུ། མ་ཧཱ་ག་ན་བ་ཏི་ཏན་ཏྲ་ནཱ་མ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ལྡན་ཚེགས་བདག་ཆེ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་ཅེས
200a7 གཟུགས་བསྟན་མཎྜཌལ་གྲུ་བཞིར་བཞག། ཟླ་བ་དྲུག་དུ་མཆོད་པར་བྱ།། ལྷ་ཡི་འཁོར་ལོ་སྒྱུར་བ་དང་། ཚེ་འདི་ཉིད་ལ་སྐལ་པ་མཉམ།། བསོད་ནམས་ཆེན་པོ་ཐོབ་པར་འགྱུར། ལོངས་སྤྱོད་ལྷ་དང་མཉམ་པ་དང་། ཚེ་ཡང་རིང་བའི
200a8 མཆོག་ཏུ་འགྱུར། མི་ལ་སོགས་པ་དབང་དུ་འགྱུར། ལྷའི་བུ་ཡང་བྲན་བཞིན་འགྱུར། བདག་གི་བསྒོ་བ་ཉན་པར་འགྱུར། ཀླུ་ཡང་དེ་ཡི་བསྒོ་བ་ཉན། བྲན་བཞིན་ལས་རྣམས་བྱེད་པར་འགྱུར། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས།




iiif viewer powered by OpenSeadragon

199b - 200b

Texts on this page

Q336 - 'phags pa klu'i rgyal po gzi can gyis zhus pa zhes bya ba'i gzungs
Q337 - tshogs kyi bdag po chen po'i rgyud ces bya ba