| | e-texts navigator
|
214b1 བྱེད་པ་རྒྱལ་བ་ཅན་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གསང་པ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི
214b2 འཇིག་རྟེན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ། ། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་རྫོགས་སྷོ།། @#།། རྒྱ་གར་སྐད་དུ། ཨཱརྱ་མ་ཡུ་ར་བི་དྷ་ཀར་བྷེ་ནཱ་མ།། བོད་སྐད་དུ། འཕགས
214b3 པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ། བཅོམ་ལྡན་འདས་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། དགྲ་ཡིས་འཇིགས་པ་འམ།
214b4 འཐབ་རྩོད་ཀྱིས་འཇིགས་པ་འམ།། བགེགས་ཀྱིས་འཇིགས་པ་འམ། དུས་མ་ཡིན་པར་འཆི་བས་འཇིགས་པ་འམ། སྦྲུལ་གྱིས་འཇིགས་པ་འམ། གཅན་ཟན་གྱིས་འཇིགས་པའམ། དུག་གིས་འཇིགས་པ་འམ། མེས་འཇིགས་པའི
214b5 ཆུས་འཇིགས་པ་འམ། རླུང་གིས་འཇིགས་པ་འམ། འཇིགས་པ་ཐམས་ཅད་ཀྱི་ནང་ན་འདུག་ནའང་ཡིད་ལ་བྱའོ།། རླུང་ལས་གྱུར་པ་འམ། མཁྲིས་པ་ལས་གྱུར་པ་འམ། བད་ཀན་ལས་གྱུར་པ་འམ།། འདུས་པ་ལས་གྱུར་པ་འམ། གདོན
214b6 གྱིས་ཟིན་ཏམ། རིམས་ཀྱིས་བཏབ་པའམ། དུག་འཐུངས་སམ། ནད་ཐམས་ཅད་ཀྱི་ནང་ན་འདུག་ནའང་འདི་ས་བྱའོ།། ན་མ~ཾ་བྷ་ག་བ་ཏེ། ཨིད་ཊིང་ནཱ་ཡ། ཨིན་དགོ་མི་ས~ཾ་ཀཱ་ཡ། ཨཱ་ཤ་ནེ་བཱ་བ་ནི་ཀཱ་ལེ། ཀ་བི་ལ། མིང་ཏེ་ཨི་ལེ་མིང
214b7 ཏེ་སྭཱ་ཧཱ། ། གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་ནུར་ཅིག། ནཱ་དྲཱ་ཡ་ནི། བཱ་རཱ་ཡིན། ཏ་རི་། ཀུན་ཏཱ་ཡ~ཾ། ཨོཾ་ལི་མྲྀ་སྟྭ~ཾ། ཀི་ས་ཏཱི་ལི་མ་སྟྲཻ་སྭཱཏྨ།། རིག་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག། 16། ཧིཧི། དྷཱུཿ། ཁརྞ། མ
214b8 བ་ཏི་ཁ་ཧི། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། བདག་ལ་སྲུངས་ཤིག་སྲུངས་ཤིག། ལོ་རྒྱ་འཚོ་བར་གྱུར་ཅིག། སྟོན་བརྒྱ་མཐོང་བར་ཤོག་ཤིག། ལན་ཉི་ཤུ་རྩ་གཅིག་བརྗོད་དེ་གཏོར་མ་རི་མཐོན་པོ་ལ་བཏང་བར་བྱའོ།། དེས་ཐམས་ཅད་ཞི་ཞིང་ཟློག་པར
iiif viewer powered by OpenSeadragon
214a - 215a