| | e-texts navigator
|
204a1 འདི་དག་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིག་སྔགས་ཀྱི་མིང་གཞན་དག་རྒྱུན་དུ་ཡིད་ལ་བྱའོ།། འོན་ཀྱང་གསང་སྔགས་གཞི་དག་གིས་མཐུས་གང་དག་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་འཁོད་པའི་ལྷ
204a2 མ་ཡིད་ནམ། ནམ་མཁའ་ལྡིང་ངམ་མི་འམ་ཅི་འམ། ལྟོ་འཕྱེ་ཆེན་པོའམ། གནོད་སྦྱིན་ནམ། ཡི་དགས་སམ། གྲུལ་བུམ་འམ། ཤཟ་འམ་མི་འམ། མི་མ་ཡིན་པ་དེ་དག་ལ་སེམས་དགའ་བར་འགྱུར་རོ།། བར་ཆད་བྱེད་པར་མི་འགྱུར། རྟག་ཏུ
204a3 ཡོངས་གཟུང་བར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བཟང་དང་། ཡངས་པ་ཆེན་པོ་དང་། ལག་ན་རྡོ་རྗེ་དང་། ཡོངས་སུ་དགའ་ལྡན་དང་། རི་དབེན་ལ་གནས་པ་དང་། གངས་རི་ལ་གནས་པས་ཀྱང་ཡོངསསུ་བཟུང་བར་འགྱུར་རོ།། །
204a4 འོག་མིན་གྱི་བར་གྱི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་འདི་ལྟ་སྟེ། དབྱིག་དང་ལྡན་པའི་གཟུངས་ཀྱི་མཐུས་འཇིགས་པའམ། དགོན་པར་དེ་ལ་བྱིན་གྱིས་རློབ་པར་འགྱུར། དེ་ལ་མི་འཇིགས་པ་སྦྱིན་པར་འགྱུ་རོ།། བཅོམ་ལྡན་འདས་ཀྱིས་དགའ
204a5 ལྡན་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེགས་པར་གནས་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས
204a6 གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། དྷ་ན་ཤཱི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བ་ན་དེ་ཡེ་ཤེས་སྡེས་བསྐུར་ཞིང་ཞུས་ཏེ་སྐར་གསར་ཆད་ཀྱིས་ཀྱང
204a7 བཅོས་ནས་གཏན་ལ་ཕབ་པ། ། །། རྒྱ་གར་སྐད་དུ། ཨཱརྱ་ཡ་ཤོ་བ་ཏཱི་དྷཱ་ར་ཎཱི།། བོད་སྐད་དུ། འཕགས་པ་གྲགས་ལྡན་མའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ན་མོ་རད་ན་ཏྲ་ཡཱ་ཡ། ནམ
204a8 ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཛྭ་རེ་མ་ཧཱ་ཛྲ་རེ། དུ་ཁེ་མུ་གེ་སུ་སཾ་བན་ནེ། མ་ཧཱ་སཾ་བན་ནེ། སཾ་བད་ཏི། མ་ཧཱ་སཾ་བད་ཏི། ཀ་སེ་མ་ཧཱ་ཀ་སེ། ཀད་ཚ་ཛྭ་ར་མུག་ཏེ་སི་སྭཱ་ཧཱ།། སྐུད་པའམ་ཆུལ་ལན་གསུམ
iiif viewer powered by OpenSeadragon
203b - 204b