e-texts navigator
Collection
Volume
Page
Wylie

201a1 འཕགས་མརྡོ་རྗེ་ལུ་གུ་རླུང་གྱི་རྟོགས་ཨུ་ཌྱན་ནས་བྱུང་བ་རྫོགས་སྷོ།། །། པཎ་ཎ་ཏ་ཨ་ཏུ་ལ་དྷས་བཛྲ་ལ་ཞུས་ནས་བོད་ཀྱི་ལོ་རྒྱབ་མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བའོ།། རྒྱག་ཤ་དུ།
201a2 ཨཱདྱ་ཙུན་དེ་ངོ་བི་ནཱ་མ་དྷ་ར་ནཱི།། བོད་སྐད་དུ། འཕགས་པ་ལྷ་པོ་བསྐུལ་བྱེད་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་སུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ཅིང།
201a3 སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ལ་མོ་བསྐུལ་བྱེད་མའི་མཐུ་དང་སྟོབས་དཔག་ཏུ་མེད་པ་དང་ལྡན་པ།། རྫུ་འཕྲུལ་དང་ཕ་རོལ་གནོན་པ་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས
201a4 བསྔགས་ཤིང་བསྟོད་པ་ཁྱོད་ལ་ཕྱག་འཚལ་ལོ། ། བདག་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་དགེ་བར་མཛོད་ཅིག། ནམཿས་བཏཱ་ནཱཾ། སཾ་མྱགས་བུད་དྷ། ཀོ་ཙནྟེ། ཏད་ཡ་ཐཱ། ཨོཾ་ཙ་ལེ་ཙུ་ལ། ཙུན་དྷེ་སྭཱ་ཧཱ།། བརྩོན་འགྲུས
201a5 ཆེན་པོ་ཐོགས་པ་མེད་པ། འདུལ་བ། སྟོབས་ཆེ་བ། པ་རོལ་གནོན་པཆེ་བ། ཕྱག་ན་རལ་གྲི་དང་། དགྲ་སྟ་དང་། ལྕགས་ཀྱུ་དང་། ཞགས་པ་བསྣམས་པ། ཁྲོ་མོཆེན་མོའི་དབང་ཕྱུག་མ། དྲག་མོའི་གཟུགས་ཅན་མ། ཞལ་རས
201a6 མཐའ་ཡས་མ། ཕྱག་སྟོང་མངའམ། མ་ཕ་མ་མ། གཞན་གྱིས་མི་ཐུབ་མ། དོན་ཡོད་མ། གདུལ་བར་དཀའ་མ། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་མ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང
201a7 མཆོད་པ་རབ་ཏུ་སྒྲུབ་མ། ། རྡོ་རྗེ་སེན་མོ་ཅན། རྡོ་རྗེ་རྡོ་རྗེས་འདྲེན་མ། རྡོ་རྗེའི་མཚན་ཆ་ཅན། རྡོ་རྗེའི་སྐུ་ཅན་མ། རྡོ་རྗེའི་ཁུ་ཚུར་མ། རྡོ་རྗེའི་སྤྱན་གདེངས་པའི་སྟངས་སྟབས་ཅན་མ། དྲག་ཤུལ་ཅན་མ་ལགས་ཀྱང་།། དྲག་ཤུལ་ཅན
201a8 ཀྱི་གཟུགས་ཅན་དུ་བསྐུར་བར་སྟོན་པར་མཛད་མ། སྤུ་རྡོ་རྗེ་དང་བཻ་དཱུརྱའི་རྒྱན་གྱིས་སྤྲས་པ།། ཨོཾ་བྷ་ག་པ་ཏི་ཙུན་དེ། ཧཱུ~ཾ་དྷྲྀ། ཧཱུཾ་བྷྲཱུཾ། བྷྲཱུཾམྨེ། སྲུ~ཾ་སྲུཾ། རཱུ་རཱུ། ཨ་བྲྀ་ཤ་ཡ། གྲཱི་དྷ་གཱི་ཏཱ། གྲཱི་དྷན་པ་ཡ། གཱི་ཧྞཱ་བ་ཡ། ཧ་ར་ཙ




iiif viewer powered by OpenSeadragon

200b - 201b

Texts on this page

Q187 - 'phags ma rdo rje lu gu rgyud ma'i rgyud kyi rtog pa
Q188 - 'phags pa lha mo skul byed ma zhes bya ba'i gzungs