e-texts navigator
Collection
Volume
Page
Wylie

15b1 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རིག་པ་མཐོང་བར་བགྱི་སྟེ། རིག་པ་དམ་པ་འདི་སྨྲས་ན་ནི་ངོ་མཚར་དུ་འགྱུར་རོ།། ཐམས་ཅད་དང་ལྡན
15b2 པའི་འཁོར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་དཔལ་ལ་ལེགས་ཤེས་བྱ་བབྱིན་ཏེ། འདས་དཔལ་ལ་ལཁྲི་ས་ལེགས་སོ།། འདམ་དཔལ་ཁྱོད་ཀྱིས་རིག་པ་སྨྲོས་ཤིག། བདག་གིས་བཅོམ་ལྡན་འདས
15b3 གསུང་གིས་སྨྲ་བར་བགྱིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཆོས་ཐམས་ཅད་ལ་ཕྱག་འཚལ་ཏེ་མཆོད་པ་བྱས་ནས་རིག་པ་སྨྲས་སོ།། ན་མཿསརྦ་ཏ
15b4 ཐཱ་ག་ཏེ་བྷྱཿ། ན་མོ་མཉྫུ་ཤཱི་ཡེ། བོ་དྷི་སཏྭཱ་ཡ། ཨོཾ་མནྟྲ་བ་ར། མཉྫུ་ཀྵོ་ཥ་ཧན་ཏ་ན། པ་ཙ་པ་ཙ། མ་ཏམ་ཏ། མ་ཐ་མ་ཐ། བིདྡྷ་སཱ་ཡ་བིདྷཱ་སཱ་ཡ། ཀ་ར་ཀ་ར། ཏྱཱ་ཏཏྲཱཏ། བྷན་ཛ་བྷན་ཛ། ཨ་བྷི་ས་ཨ་བྷ་ས། ཏྲན་ཏུཊ། ཏྲུན་ཏྲུཿ།
15b5 སྥུ་ཊ་སྥུ་ཊ། ཧྲི་ད་ཡ་བ་དྷ་ནི། ན་མཿས་བོ་དྷི་ནི་པྲ་བྷེ་ས་པྲ་བྷེ་ས། ལོ་ཏ་ལོ་ཏ། ཀྲི་ཏ་ཀྲི་ཏ། ཀྲི་ད་ཀྲིད། ཀྲི་ཊ་ཀྲི་ཊ། ཏ་ས་ཧ་ས། པྲ་བན་དྷ། པྲ་བན་དྷ། ཨ་བྷི་ཤ་ཨ་བྷེ་ཤ། ཧཱུ་ཧཱུཾ་ཧཱཾ། ཕཊ་ཕཊ་ཕཊ་སཱ་ཧཱ།། གང་ཞིག་གིས་ནམ
15b6 ཕྱེད་ན་ལན་གསུམ་བརྗོད། ཉིན་ལ་ཡང་ལན་བདུན་བརྗོད་པ་བྱས་ན་རིག་པ་ཆེན་མོ་ཐོབ་པར་འགྱུར་རོ།། མི་རྣམས་ཀྱིས་ཤེ་ལོག་གསུམ་བརྒྱ་འཛིན་པར་འགྱུར་རོ།། འདིའི་ཆོ་ག་ནི་ཅན་དན་གྱིས་དཀྱིལ་འཁོར་བྱས་ཏེ། ཞུན
15b7 མར་གྱི་མར་མེས་ཀྱང་མཆོད་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར། མ་གྲུབ་ཀྱང་ཤོ་ལོ་ཀ་བརྒྱ་ཉི་མ་རེ་རེ་ལ་འཛིན་པར་འགྱུར་རོ།། བཅོམ་ལྡན་འདས་བདག་གིས་བསྟན་པ་འདིས་གང་ཞིག་མཚམས
15b8 མེད་པ་ལྔ་བྱས་ན་བདག་ཀྱང་དེ་དང་འདྲ་བར་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། ། འཕགས་པ་འཇམ་དཔལ་གྱི་སར་མོད་བཙུགས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། ན་མོ་མཉྫུ་ཤྲཱི་ཡེ།




iiif viewer powered by OpenSeadragon

15a - 16a

Texts on this page

Q166 - 'phags pa 'jam dpal gyi zhal nas gsungs ba zhes bya ba'i gzungs
Q167 - 'phags pa 'jam dpal gyis dmod btsugs pa zhes bya ba'i gzungs
Q168 - 'jam dpal gyis dam bcas pa'i gzungs