| | e-texts navigator
|
15a1 རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སཱ་ཁྱཱ་ཏོ་ན་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ནལ་ནས་གསུངས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་འཇམ་དཔལ
15a2 ལཕྱག་འཚལ་ལོ། ། ན་མོ་རདན་ཏྲ་ཡཱ་ཡ། ན་མོ་བྷ་གནྡྷ་ཏ། དྷརྨདྷ་ཏུ་ནི་གར་ཛི་ཏརཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་རཧཱ་ཏ་ས་མྱགས་བུད་དྷཱ་ཡ། ན་མོ་མཉྫུ་ཤཱ་ཡ། ཀུ་མ་ར་བྷཱུ་ཏཱཿ་ཏད་ཡ་ཐཱ། ཨོཾ་ཛྙཱན་ལོ་ཀེ་ཏྲི་རདན་པ་ཤས་དྷི་ནི།
15a3 བྷ་ག་བཱ་ཏི། ཨ་པཱ་ཡན་དྷཱ་དྷི། ཨ་པཱ་ཡན་དད་མེ་བོ་དྷི་ཙི་ཏ་ཏ་བཛྲ་པ་རིརཱི་ལཱ་ཡ། ས་མན་ཏ་ཨ་བ་བྷ་སན། ཧ་ན་ཧ་ན་སརྦ་སཏྭ་སན་ཏ་ན་པ་ཏི་ཏཾ། ཀླེ་ཤཱ་ནུད་ཚེ་ཤཱ་ཡ། བ་ར་ལཀྵ་ཎ་ཨ་ལཾ་ཀྲྀ་ཏ་ཤ་རི་རེ། བོ་དྷི་སཏྭ་ཤི་ཤཱ་བ་ཏི
15a4 པཱ་ལཱ་ཡ། བུད་དྷ་ན་དེ་ཤཱ་ཡ། དེ་བ་ནཱ་ག། ཡཀྵ་གན་དྷརྦྷ། ཨ་སུ་ར། ག་རུ་ཌཱ། ཀི་ན་ན་ར། མ་ཧོ་ར་ག། བ་ཤེསྟྲ་པཱ་ཡ། ཨ་པ་ཡན་ད་ད་ཏི་སྭཱ་ཧཱ།། གཟུངས་འདིའི་ཕན་ཡོན་ནི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ
15a5 ལས་ཀྱི་སྒྲིབ་པ་བསགས་པ་འབྱང་བར་འགྱུར་རོ། ། འཆི་ཀར་ཡང་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐོར་ཚུགས་ཀྱིས་དབུ་བརྒྱན་པའི་སྐུ་ཡང་མཐོང་བར་འགྱུར་རོ།།
15a6 མདོར་ན་གཟུངས་འདིའི་ཕན་ཡོན་ནི་མཐའ་ཡས་སོ།། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། ལོ་ཙྪ་བ་བན་དེ་ཀླུའི་དབང་པོས་བསྡུར
15a7 རྒྱ་གར་གྱི་མཁན་པོ་བི་ཤུད་དྷ་སིང་ཧ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དེ་བཙན་དྲས་གཏན་ལ་ཕབ་པ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཇམ་པའི་མགོན་པོ་ལ་ཕྱག་འཚལ་ལོ།། དེ་ནས་ཡང
15a8 འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ཀྱི
iiif viewer powered by OpenSeadragon
14b - 15b