| | e-texts navigator
|
282a1 པའོ། ། པཎ་ཌི་ཏ་མཁས་པ་ཆེན་པོ་སྠི་ཏི་ཛྙཱ་ན་ཀྵི་ར་ཏས་རང་འགྱུར་བྱས་བཅིག་ཀྱང་ཡོད་པར་གདའོ།། ། ཨེ་མ་ཧོ་ཉི་ཟླ་ལྟར་གྲགས་དཔལ་ལྡན་འདུས་པའི་རྒྱུད།། གསང་བ་རྣལ་འབྱོར་དཔལ་མཚ།
282a2 ཆེན་པོ་འདིས།། ཤིན་དུ་གསལ་བར་སྟོན་པ་ངེས་པ་ཉིད།། མེ་འོངས་དུས་སུ་རྣལ་འབྱོར་དབང་ཕྱུག་མཆོག། རྣམ་བཞིའི་འཁོར་ལྡན་དབུས་སུ་འདི་གསལ་འགྱུར།། བསྟན་པའི་སྒྲོར་མེ་ཉིད་དུ་འབྱུང་བའི་ཕྱིར།
282a3 སྐལ་ལྡན་རྣམས་དང་རྒྱུད་འདི་ཕྲད་པར་ཤོག། རྒྱུད་འདི་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་ཌོ་མ་བི་ཧེ་རུ་ཀས་ག་དན་དྲངས་གསུང་ངོ་།། རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མ་བ་ར་དྷ་ར་བཛྲ་པ་ཎི་རུ་དྲ
282a4 བི་ཏྲི་བི་ནི་ཏན་ཏྲ་ནཱ་མ། ། བོད་སྐད་དུ། འཕགས་པ་ལག་ནོརྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད།། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག
282a5 ན། བཅོམ་ལྡན་འདས་བདུད་རྣམ་པར་འཇོམས་པ་བདུད་ཀྱི་སྡེ་དང་ལྷན་ཅིག་ཏུ་འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་ཐབས་གཅིག་ཏུ་བཞུག་སོ།། གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན
282a6 བོ་ཅན་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེ་སུ་གནང་བ་འདི་ལག་ན་རྡོ་རྗེས་ཟུང་ཅིག་ཅེས་བཀའ་སྩལ་ཏོ། ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ།། གནོད་སྦྱིནི་བྱེ་བ་སྟོང་ཕྲག་བྱེ་བ་དཔག་ཏུ་མེད་པའི་ཚོགས
282a7 ཀྱིས་ཡོངསུ་བསྐོར་བ། ། མཆེ་བ་གཙིགས་པ་དང་འཚམ་པ།། མིག་མེ་མདག་གི་ཕུང་པོ་འདྲ་བ།། དབུགས་མེ་ལྕེ་ལྟར་འབར་བ།། འཇིག་པའི་ང་རོ་ཅན།། པད་མ་དང་ཆུ་ལྷས་ལག་པ་དང་དཔུང་བ་བརྒྱན་པ།། ནོར་རྒྱས
282a8 དང་དུང་སྐྱོང་གིས་དབུལ་བརྒྱན་པ། ། སྦྲུལ་རིན་པོ་ཆེ་འབར་བའི་ཅོད་པན་ཐོགས་པ།། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་སྙན་ཆ་བྱས་པ།། རྐང་པ་སྦྲུལ་གདུག་པ་འབར་བ་མནན་ཅིང་ཟ་བ།། ཀླུའི་རྒྱལ་པོ་འདབ་བཟངས
iiif viewer powered by OpenSeadragon
281b - 282b