e-texts navigator
Collection
Volume
Page
Wylie

297b1 ལན་ལག་བསྒྲུབ་པ་བཤད་། ། ངི་ལུ་མིག་སྨན་དངོས་གྲུབ་དང་།། ས་འོག་རལ་གྲིའི་དངོས་གྲུབ་དང་།། ནམ་མཁའ་འབུར་དང་མིག་སྨན་དང་།། འཆི་བ་མེད་དང་ནད་འཇོམས་དང་།། མ་དང་གླང་པོ་ཆེ་དང་ཨུ0f7f།། གླང་དང་ཁྭ་དང་།
297b2 བོང་བུ་དང་།། རྔ་མོ་མ་ཧེ་སྤྱང་ཀི་རྣམས།། ཆ་ནི་མཉམ་པར་བྱ་བའོ།། མཐེ་བོང་ཚོགས་ཚད་ཙམ་དུ་ནི།། ཤིན་དུ་མཉམ་པོར་བཞག་ནས་སྦྱར།། དྲི་ཆེན་ཆུ་དང་རག་ཏ་དང་།། བྱང་ཆུབ་སེམས་ནས་ཚད་ཙམ་ནི།། སྔགས་བཟླས
297b3 ནས་ནི་སྦྱར་བྱས་ཏེ། ། བྱིན་གྱིས་རླབས་ཀྱང་བྱ་བའོ།། ཕྱག་འཚལ་དང་ན་ཡི་གེ་ཨཱ།། དབུས་སུ་དེ་བཞིན་ཧཱུཾ། བྱས་ཏེ།། འབར་བའི་ཧཱུཾ་ཡིག་འབར་བྱེད་པ།། དགུ་པ་དེ་ནི་རབ་ཏུ་བསྒྲུབ།། ལན་ནི་ཉི་ཤུ་རྩ་གཅིག་ཏུ།། སྔགས་བཟླས་ནས
297b4 ནི་ཕྱེ་མར་བཏག། ཡུངས་དཀར་ལྔ་ཡོ་ཚད་ཙམ་དུ།། ལྔ་དང་ལྔ་ནི་འབྱོར་པར་བྱ།། ཚེས་བརྒྱད་དང་ནི་བཅུ་བཞི་ལ།། རི་ལུ་རྣམས་ནི་བྱས་ནས་སུ།། པད་མའི་སྣོད་ལ་བཞག་བྱས་ཏེ།། སྟོང་ཕྲག་བརྒྱར་ནི་བཀྲ་བར་བྱ།། མཚན
297b5 བཞི་ལ་ནི་བསྒོམ་བྱས་ནས། ། ཉིན་དང་མཚན་དུ་བཟའ་བར་བྱ།། དེ་ནི་བསྐལ་བའི་མཐའ་མར་ཡང་།། དངོས་གྲུབ་རྒྱས་པར་འགྲོ་བ་སྟེ།། གཟི་བརྗིད་མདངས་དང་སྟོབས་བརྩོན་འགྲུས།། ལྔ་པ་ལ་ནི་སྨོན་ལམ་ཡང་།། མངོན་པར
297b6 ཤེས་པ་ལྔ་ཐོབ་པ། ། རིལ་ཆེན་པོ་ཟོས་ཕྱིར་རོ།། རྫས་ཀྱི་སྒྲུབ་པ་རྣམས་རྫོགས་ནས།། རིག་པའི་སྔགས་རྣམས་བདག་ལ་སྩོལ།། ཡི་གེ་ཨ་དང་བཾ་ཡིག་དང་། ལཾ་ཡིག་དབུས་སུ་ཡང་དག་གནས།། དང་པོའི་མདོག་ནི་དམར
297b7 སྟེ། ། གཉིས་པ་ཡི་ནི་མདོག་དཀར་བ།། གསུམ་པ་ཁ་དོག་སོར་པོ་རྣམས།། བྷ་གའི་དབུས་སུ་བསྒོམ་པར་བྱ།། འཁོར་ལོ་ལྟར་ནི་བསྐོར་བ་ནི།། ཉིན་བྱེད་དང་ནི་མཚན་ཕྱེད་ལ།། རིག་པ་དེ་ནི་རབ་འབྱོར་ན།། དེ་ནི་སྐད་ཅིག་ཁོ་ནར
297b8 འགྲུབ། ། ལྷ་མོ་ལྷ་མིན་བུ་མོ་དང་། མི་ཡི་བུ་མོ་རྣམ་པ་བཞི།། ས་ཡི་དཀྱིལ་འཁོར་ཀུན་ཏུ་ནི།། སྔགས་ཀྱིས་བཀྲག་ནས་སྡུད་པར་བྱ།། བསྒོམ་པ་དེ་བཞིན་རིག་པའི་སྔགས།། བདག་གིས་བཤད་པ་ཟིན་བྱས་ཏེ།། དཀྱིལ་འཁོར་རྣམས




iiif viewer powered by OpenSeadragon

297a - 298a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q85 - lha mo bzhis yongs su zhus pa