| | e-texts navigator
|
293b1 མིང་གི་མཐའ་མའི་ཡི་གེ་ཇི་སྙེད་པ་ན། ཀ་ཁག་ཀྱང་། ཙཙཿཛྙཱཿ། ཊ་ཏཪྵ་རཎ། ཏ་ཐ་ད་དྷན། པ་ཕབ་བྷ་མ། ཡ་རལ་ཝ། ཤ་ཥ་ས་ཧ་ཀྵཿའདི་དག་ནི་མིང་གི་ཡི་གེའི་མཐའ་མན་པས་སོ།། བྱང་ཆུབ་སེམས་དཔའ་ཆེན་པ
293b2 རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་རྣམས་ཀྱི་བྱེད་པ་དང་ཆོག་དང་བསླབ་བྱ་དང་སྒྲུ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དམ་པའི་བདེན་པ་ལས་བདག་བྱིན་གྱིས་བརླབ་པའི་རིམ་གྱིས་ལངས
293b3 ཏེ། འདོད་ཆགཔ་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་རབ་ཏུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ།
293b4 འཇིག་རྟེན་གྱི་སྤྱོད་པ་དང་འགལ་བརྨད་དུ་བྱུང་བའི་རྡོ་རྗེ་ཚིག་གི་མཐའ་དྲུག་གིས་རབ་ཏུ་དཔྱད་དེ་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བཞུགས་སོ།། རིག་པའི་ལྷ་མོ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་ལ་དགོད་པ
293b5 དང་། དེ་ལས་བྱུང་བའི་བྱེད་པ་དང་ཡ་ང་སྒྲུབ་པ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་དཔྱད་དེ་སྒྲུབ་པར་བྱེད་པ་ནི་གཉི་གའི་རྒྱུད་ལ་བཞུག་སོ།། ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་བ.རན་ཉིད་པ།
293b6 ཏུ་འགྱོད་པས་བསྒྲུབ་པར་བྱ་བ་དང་བསྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ།། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི
293b7 བསྙེམས་པ་མེད་པ་དང་། རྨད་དུ་ཟུང་བའི་སྤྱོད་ཡུལ་མ་ཡིན་པ་དང་།། སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་དཔྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ།། སྔགས་དང་སྨན་དང་སྦྱིན་བསྲེག་དང་བྱེ་མ་དང་མིག་སྤར་དང
293b8 རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་དཔྱོད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་བཞུགས་སོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྒྱན་རྣམ་པ་བདུན་ཇི་ལྟར
iiif viewer powered by OpenSeadragon
293a - 294a