| | e-texts navigator
|
293a1 བྲལ་བ་མ་ཡིན་པ་དང་། བར་མཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ།། ལུས་དང་ངག་དང་ཡིད་མེད་པ་དང་བདག་མེད་པ་དང་། ཐམས་ཅད་སྟོང་པ་དང་དག་པ་དང་།
293a2 འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་ནི་དགོངས་པ་མ་ཡིན་པས་བཤད་པའོ།། ག་བུར་དང་ཁྲག་ཆེན་པོ་དང་ཙན་དན་དམར་པོ་དང་རྡོ་རྗེ་དང་པད་མ་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན་ཏེ།
293a3 གདུར་ཁུ་བ་དང་ཁྲག་ཆེན་པོ་རཿམཚན་གྱི་ཁྲག་དང་ཙན་དན་ད་འི་ཁུ་བ་དང་བསྲེས་པ་ནི་ཙན་དན་དམར་པོའོ།། རྡོ་རྗེན་མཚན་མ་སྟེ་ཐབས་སོ།། པད་མ་རི་བྷ་ག་སྟེ་ཤེས་རབ་དང་ཕྱག་རྒྱ་དང་བཙུན་མོ་ཞེས་བྱ་བ་ལས
293a4 སོགས་པ་རྡོ་རྗེའི་ཆོག་རྣམས་ནི་ངེས་པའི་དོན་ཏོ། ། གཉི་ག་དང་སྤྱོད་པ་དང་བྱ་བའི་རྒྱུད་རྣམས་སུ་དོན་གསལ་བར་གསུངས་པ་འདི་ལྟ་སྟེ། དཀྱིལ་འཁོར་དང་མཆོད་སྦྱིན་དང་གཏོར་མ་དང་སྨན་དང་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས
293a5 རྣམས་དང་། དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་གསུངས་པ་རྣམས་ནི་སྒྲ་ཇི་བཞིན་པ་སྟེ། དེ་ནི་ཡི་གེའི་དོན་གྱི་བཤད་པའོ།། ཀོ་ཊཱ་ཁྱ། ཀོ་ཊཱ་བ། ཀོཊྚ་ཀོནྡ་བ་ཤྩ། ཀོ་ཊི་རཱ་ག། ཀོ་ལ་ཁྱ། ཀོ་ལ་ཝ། ཀོ་ལ་ཀོ་ལ་བ་ཤྲུ།
293a6 ཀོ་ལ་སྟ་ཐ། འདིས་དབང་པོ་དང་ཡུལ་གསུངས་ཏེ། དེ་ལྟ་བུ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་བཤད་པའོ།། བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོའི
293a7 རྒྱུད་དང་གཉི་གའི་རྒྱུད་དང་སྤྱོད་པའི་རྒྱུད་དང་བྱ་བའི་རྒྱུད་དང་རྟོག་པའི་རྒྱུད་རྣམས་ཀྱི་ཚད་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་པག་བཅུ་གཉིས་ཞེས་བྱ་སྟེ། རྒྱས་པར་བྱ་ན
293a8 གྲངས་མེད་དོ། ། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ།། བྱ་བའི་རྒྱུད་སྟོང་ཕྲག་བཞིའོ།། རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ།། དེ་དག་ནི་སྟོང་ཕྲག་སུམ་བཅུ་རྩ་བཞི་སྟེ། རྒྱུད་དང་རྟོག་པའི
iiif viewer powered by OpenSeadragon
292b - 293b